འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་30ཉིན།

༄༅༎ཕྱི་འབྲེལ་པུས། ཀྲུང་གོར་ཡོང་བའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིགས་གཅིག་མཁས་ཅན་གྱིས་
ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་དང་སྤེལ་རེས་གཏིང་ཟབ་བྱས་ཡོད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་30ཉིན། 11:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། གྲོས་མོལ་བྱས་པ་བརྒྱུད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིགས་གཅིག་མཁས་ཅན་གཉིས་ཀྱིས་ཟླ་7པའི་ཟླ་དཀྱིལ་དུ་ཀྲུང་གོར་ཡོང་ནས་ཏོག་དབྱིབས་ནད་དུག་གསར་པ་ཁུངས་འདེད་ཀྱི་ཚན་རིག་མཉམ་ལས་ཀྱི་གྲ་སྒྲིག་རང་བཞིན་གྱི་གྲོས་མོལ་བྱས་པ་རེད། ལོགས་སུ་འཇོག་རིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་དང་བརྙན་ལམ་ཚོགས་འདུ་ཐེངས་མང་འཚོགས་ནས་ཕྱོགས་གཉིས་པོས་གོ་ལ་ཧྲིལ་པོའི་ཚན་རིག་ལས་རིགས་ཀྱིས་ཏོག་དབྱིབས་ནད་དུག་གསར་པ་མི་ཚོགས་དང་། ཁོར་ཡུག  འདུས་རྡུལ། སྲོག་ཆགས་བཅས་ཀྱི་ཁུངས་འདེད་དང་དེ་བཞིན་ཁྱབ་མཆེད་ཐབས་ལམ་སོགས་ཁྱབ་ཁོངས་སུ་སྤེལ་བའི་ཚན་ཞིབ་ལས་དོན་གྱི་འཕེལ་རིམ་དང་གོམ་སྟབས་རྗེས་མའི་ཚན་ཞིབ་ལས་དོན་གྱི་འཆར་གཞིའི་སྐོར་སྤེལ་རེས་གཏིང་ཟབ་བྱས་པ་རེད།
     དབང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དབར་གཞི་རྩའི་ངོས་འཛིན་གཅིག་མཐུན་ཡོད། ཁུངས་འདེད་ནི་ཚན་རིག་གི་གནད་དོན་ཞིག་ཡིན་པས། ཚན་རིག་མཁས་ཅན་གྱིས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་དང་མཉམ་ལས་བྱ་དགོས། ཁུངས་འདེད་ནི་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཞིག་ཡིན། རྒྱལ་ཁབ་མང་པོ་དང་ས་གནས་མང་པོ་དང་འབྲེལ་བ་ཡོད་སྲིད་པས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དགོས་མཁོ་ལྟར་རྒྱལ་ཁབ་དང་ས་ཁུལ་གཞན་དག་ལ་དེ་དང་འདྲ་བའི་རྟོག་ཞིབ་བྱ་རྒྱུ་ཡིན་པ་རེད། “ང་ཚོས་ཀྱང་འབྲེལ་ཡོད་རྒྱལ་ཁབ་ཚང་མས་ཀྲུང་གོ་ཕྱོགས་དང་འདྲ་བར་དགེ་མཚན་ལྡན་པའི་རྣམ་འགྱུར་འཛིན་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་ལས་བྱེད་པའི་རེ་བ་ཡོད”ཅེས་བརྗོད་པ་རེད།