འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་29ཉིན།

༄༅༎སི་ཁྲོན་མའོ་རྫོང་ལ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་29ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་7ཚེས་25ཉིན་གྱི་རོགས་སྐྱོབ་བྱ་ཡུལ།
ཟླ་7ཚེས་25ཉིན་གྱི་རོགས་སྐྱོབ་བྱ་ཡུལ། 
     མི་དམངས་དྲ་བའི་འཕྲིན། མའོ་རྫོང་སྲིད་གཞུང་གིས་སྤེལ་བའི་གནས་ཚུལ་གསར་པར་གཞིགས་ན། ཟླ་7ཚེས་25ཉིན་མའོ་རྫོང་ཁོངས་སུ་དྲག་ཆར་བབས་ནས་ཧྥེང་དབྱི་དང་ཝུའེ་མོན་སོགས་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་དང་ལོ་ཏོག་སོགས་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད། དེའི་ནང་ཝུའེ་མོན་གྲོང་རྡལ་ཅའོ་ཡོན་གྲོང་ཚོའི་ཀྲེ་ཤིས་ཀོའུ་ཚོགས་ཆུང་ལ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཐོན་ནས་མི་1འབྲེལ་བ་ཆད་ཡོད།
     ཟླ་7ཚེས་25ཉིན་གྱི་ཆུ་ཚོད་17བར། ད་ཐེངས་ཀྱི་གནོད་འཚེ་ཁྲོད་མི་2293ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད། དེའི་ནང་ཞིང་ཁའི་ལོ་ཏོག་རྒྱ་ཁྱོན་མུའུ་595དང་རྨོ་ཞིང་རྒྱ་ཁྱོན་མུའུ་180ལ་གནོད་འཚེ་ཕོག་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། དཔལ་འབྱོར་གྱོང་གུན་སྒོར་ཁྲི་4500ཙམ་བཟོས་པ་དང་། མི་120 ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་པ་དང་མང་ཚོགས་2173ཛ་དྲག་ངང་ཉེན་གཡོལ་གནས་སྤོ་བྱས་ཡོད། 
     ད་ཐེངས་ཀྱི་གནོད་འཚེའི་ཁྲོད་རྒྱལ་ལམ་213ལམ་ཆད་པ་(རྒྱལ་ལམ་213ལམ་ཐིག་གི་K2052+300མའོ་རྫོང་ཝུའེ་མོན་གྲོང་རྡལ་ཀྲེ་ཤིས་ཀོའུ་མཚམས་སུ།) ཆུ་ཚོད་12པར་མྱུར་བཟོ་བྱས་ནས་ཤར་གཏོང་ཐུབ་ཡོད་ཀྱང་ཀྲེ་ཤིས་ཀོའུ་རུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེ་ཙམ་ཡོད་པས་མིག་སྔར་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད། ཁེགས་ལུས་རླངས་འཁོར་ཚང་མ་ཤར་གཏོང་ཐུབ་ཡོད། གནོད་སྐྱོན་བྱུང་རྗེས། མའོ་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་གྲོང་རྡལ་ཁག་གིས་འཕྲལ་མར་ཉེན་སེལ་དང་། གནོད་འཚེ་ཞིབ་བཤེར། གནོད་འཚེ་ཞིབ་དཔྱད། གཅིག་གྱུར་གེགས་སེལ་སོགས་ཀྱི་ལས་དོན་སྤེལ་ཞིང་། སི་ཁྲོན་ཞིང་ཆེན་ས་གཤིས་གནོད་འཚེའི་རིགས་གཅིག་མཁས་ཅན་མཛོད་ཀྱི་རིགས་གཅིག་མཁས་ཅན་ཡུལ་དངོས་སུ་བསྐྱོད་དེ་ཉེན་སེལ་གེགས་སེལ་ལ་མཛུབ་ཁྲིད་བྱས་ཡོད།
ཟླ་7ཚེས་25ཉིན་གྱི་རོགས་སྐྱོབ་བྱ་ཡུལ།
ཟླ་7ཚེས་25ཉིན་གྱི་རོགས་སྐྱོབ་བྱ་ཡུལ།