འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་28ཉིན།

༄༅།།ལོ་བཅུ་དགུའི་འགྲན་བསྡུར་ཆེ་མོའི་རིག་གནས་ཉིང་བཅུད་འགྲེམས་སྟོན་བྱས་པ།

—— 2020ལོའི་མཚོ་སྐོར་འགྲན་བསྡུར་གྱི་དགའ་ནེའུ་དུས་ཆེན་མཚོ་སྔོན་དུ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་28ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། 2020ལོའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་དགའ་ནེའུ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་ཟི་ལིང་དུ་འཚོགས་ཤིང་། ལུས་རྩལ་གྱི་བྱེད་སྒོ་རབ་དང་རིམ་པས་དམངས་ཡོངས་ལུས་སྦྱོང་ལ་རམ་འདེཌ་ཐུབ་རྒྱུ་དང་རྐང་འཁོར་རིག་གནས་ཁྱབ་གདལ་བཏང་ནས་ལོ་བཅུ་དགུའི་མཚོ་སྐོར་འགྲན་བསྡུར་གྱི་རིག་གནས་ཉིང་བཅུད་འགྲེམས་སྟོན་བྱ་རྒྱུ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དགའ་ནེའུ་དུས་ཆེན་གྱིས“དམངས་ཡོངས་ཀྱིས་མཚོ་སྔོན་པོ་སྐོར། ལུས་རྩལ་གྱི་རྣམ་པས་ཕྱུག་པའི་མཚོ་སྔོན”ཞེས་བརྗོད་དོན་གཙོ་བོར་བྱས་ཏེ། “ལུས་རྩལ+”ཀྱི་འདུ་ཤེས་ལ་གཞིགས་ནས“ལུས་རྩལ+རིག་གནས”དང་། “ལུས་རྩལ+ཐོན་ལས” “ལུས་རྩལ+ཡུལ་སྐོར” “ལུས་རྩལ+བདེ་ཐང” “ལུས་རྩལ+སྣོད་བཅུད”བཅས་ནང་དོན་ཆེ་བ་ཁག་5ཇུས་འགོད་ཀྱིས་བྱེད་སྒོ་རིཌ་11སྤེལ་རྒྱུ་ཡིན་ཞིང་། དེའི་རིང་རྐང་འཁོར་འཕེལ་རྒྱས་དབུ་ཚོགས་དང་། རྐང་འཁོར་ཡོ་ཆས་འགྲེམས་སྟོན། མཚོ་སྐོར་མཁན་རྐང་འཁོར་བ་རྩེ་གྲ རྐང་འཁོར་བཞོན་ནས་ཡུལ་སྐོར་བྱེད་པའི་བྱེད་སྒོ་སོགས་ཀྱང་སྤེལ་རྒྱུ་རེད།
    མཚོ་སྐོར་འགྲན་བསྡུར་སྒྲིག་འཛུཌ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་ཚེ་རིང་གིས། ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྐབས་བཅུ་དགུ་པའི་མཚོ་སྐོར་འགྲན་བསྡུར་མེད་པ་བཟོས་པ་རེད། མཚོ་སྐོར་འགྲན་བསྡུར་རྒྱུན་མཐུད་པ་ལས་སྤྱི་ཚོཌ་ལ་ཐེབས་པའི་ཤུཌ་རྐྱེན་རྒྱུན་འཁྱོངས་དང་། འགྲན་བསྡུར་སྤུས་རྟཌ་ཀྱི་རིན་ཐང་སྲུང་སྐྱོང་། ཉམས་ཉེན་ཁྲོད་གོ་སྐབས་གསར་པ་འཚོལ་ཞིབ་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་ཐུབ་པ་བཅས་ཀྱི་ཆེད་དམིགས་སུ་ད་ཐེངས་མཚོ་སྐོར་འགྲན་བསྡུར་གྱི་དགའ་ནེའུ་དུས་ཆེན་གྱི་བྱེད་སྒོ་དེ་སྤེལ་བ་ཡིན་ཞེས་བཤད་པ་རེད།