འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་27ཉིན།

༄༅།།བོར་ཕྱུགས་ལེན་སའི་སྟོང་ལུག་གད་པ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་27ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་འབྲོག་པས་བོར་སོང་བའི་ལུག་ཁྱུ་གཅིག་སྟོང་ལུག་གད་པར་འདེད་བཞིན་པ།
འདི་ནི་འབྲོག་པས་བོར་སོང་བའི་ལུག་ཁྱུ་གཅིག་སྟོང་ལུག་གད་པར་འདེད་བཞིན་པ། 
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། སྟོང་ལུག་གད་པ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཁོ་ཚེ་གྲོང་རྡལ་གྱི་དབྱར་སའི་འབྲོག་ར་ཞིག་རེད། དུས་རབས་20པའི་ལོ་རབས་80པ་ནས་བཟུང་། ས་གནས་དེ་གའི་འབྲོག་པས་ལོ་རེར་གནས་འདི་ལ་དུས་ཡུན་ཉིན་གཅིག་རིང་གི་ལེན་བརྡ་གཏོང་བའི་བྱེད་སྒོ་ཐེངས་གཅིག་སྤེལ་བཞིན་ཡོད། དེ་ནི་ཕྱུགས་འཚོ་བའི་སྐབས་སུ་རང་ཁྱིམ་གྱི་ནོར་ལུག་གསེབ་ཏུ་ཡོང་བའི་གཞན་གྱི་ནོར་ལུག་གི་བདག་པོ་འཚོལ་བ་དང་། དུས་མཚུངས་སུ་རང་ཁྱིམ་གྱི་བོར་སོང་བའི་ནོར་ལུག་འཚོལ་བའི་བྱེད་སྒོ་ཞིག་རེད། དེ་ཡང་བྱེད་སྒོ་ཐེངས་དང་པོ་སྤེལ་དུས་སུ་ནོར་ལུག་སྟོང་ལྷག་རང་རང་གི་བདག་པོར་ཕྱིར་འཕྲོད་སོང་བས་འབྲོག་ས་འདི་ལ་སྟོང་ལུག་གད་པ་ཞེས་འབོད་པ་རེད། 
    བྱེད་སྒོ་སྤེལ་རིང་། འབྲོག་པ་རྣམས་ནི་སྡེ་བ་རྩིས་གཞི་བྱས་ནས། རྒྱན་འཕེན་པའི་ལམ་ནས་སྔ་གཞུག་ཏུ་སྟོང་ལུག་གད་པར་བསྐྱོད་ཅིང་། དེ་སྔ་བརྒྱབ་ཡོད་པའི་རྟགས་ལ་བརྟེན་ནས་རང་རང་གི་བོར་ལུག་དབྱེ་འབྱེད་བྱེད། ལས་བྱེད་པ་དང་དེར་ཡོད་པའི་མི་མང་ཤོས་ཀྱིས་ཁས་ལེན་བརྒྱུད། འབྲོག་པ་ཚོས་ད་གཟོད་བོར་བརླག་བྱུང་བའི་ནོར་ལུག་ཁྱིམ་དུ་དེད་ཆོག  བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། བྱེད་སྒོ་འགོ་ཚུགས་པ་ནས་ད་ལྟའི་བར་ནོར་ལུག་ཁྲི་གཉིས་ལྷག་རང་རང་གི་བདག་པོར་ཕྱིར་འཕྲོད་ཡོད་པས་ས་དེའི་རྫི་བོ་བར་གྱི་འགལ་བ་དང་རྩྭ་ས་རྩོད་གླེང་ཐད་ནུས་ལྡན་གྱིས་སྔོན་འགོག་ཐུབ་ཡོད། 
【1】  【2】  【3】
འབྲོག་པས་བོར་སོང་བའི་ལུ་གུ་སྟོང་ལུག་གད་པར་ཁྱེར་བཞིན་པ།
འབྲོག་པས་བོར་སོང་བའི་ལུ་གུ་སྟོང་ལུག་གད་པར་ཁྱེར་བཞིན་པ།