འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་26ཉིན།

༄༅།།སི་ཁྲོན་མཛོད་དགེ་རྫོང་ལ་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས(དཀར་ཆུའི་ཐོན་ལས)ཀྱི་རྟེན་གཞིའི་མཚན་སྙན་ཐོབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་26ཉིན། 11:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར་སི་ཁྲོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། ཀྲུང་གོ་ལྗང་མདོག་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་ཁག་གསུམ་པའི་མིང་ཐོ་ཁྱབ་བསྒྲཌ་བྱས་པའི་ནང་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་མཛོད་དགེ་རྫོང་ཡོད་ཅིང་། རྫོང་དེར་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས(དཀར་ཆུའི་ཐོན་ལས)རྟེན་གཞིའི་མཚན་སྙན་ཐོབ་པ་དང་། དེ་ནི་སི་ཁྲོན་ཞིང་ཆེན་གྱི་ཆོག་མཆན་ཐོབ་པའི་རྟེན་གཞི་འབའ་ཞིག་དེ་ཡིན་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞིའི་དཔྱད་བསྡུར་གཏན་འབེབས་ཀྱིས་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་རྟེན་གཞི་འཛུགས་སྐྲུན་ཐད་བླང་བྱ་ནན་པོ་བཏོན་པ་དང་ཆབས་ཅིག་རྟེན་གཞིའི་ཐོན་རྫས་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཀྱང་སྔར་བས་ཆེ་རུ་འགྲོ་རྒྱུ་རེད། ད་ཐེངས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞིའི་དཔྱད་བསྡུར་གཏན་འབེབས་ནི་ཀྲུང་གོ་ལྗང་མདོག་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱིས《ས་ཁུལ་དབུལ་པོར་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་བསྐྲུན་རོགས་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་ལྗང་མདོག་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱི་བརྡ་ཐོའི》འབྲེལ་ཡོད་བླང་བྱ་གཞིར་བཟུང་། འབྲེལ་ཡོད་ཞིང་ཆེན་རིམ་པའི་ལྗང་མདོག་བཟའ་བཅའི་ལས་དོན་སྒྲིག་གཞིས་འོས་སྦྱོར་བྱས་པ་བརྒྱུད། ཀྲུང་གོ་ལྗང་མདོག་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱིས་ཞིབ་བཤེར་ཆོག་མཆན་སྤྲད་མཐར་རྔ་པ་ཀྲོའུ་མཛོད་དགེ་རྫོང་ཚུད་པའི་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་9གཏན་འཁེལ་བྱས་པ་དང་སྦྲགས་ལག་ཁྱེར་ཡང་སྤྲད་པ་རེད།
   ཤེས་རྟོགས་བྱུང་བར་གཞིཌ་ན། མཛོད་དགེ་རྫོང་གི་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ཞོར་ཐོན་རྫས(དཀར་ཆུའི་ཐོན་ལས)རྟེན་གཞི་དེ་མཛོད་དགེ་རྫོང་མི་དམངས་སྲིད་གཞུང་གིས་བསྐྲུན་པ་དང་རྟེན་གཞིའི་གཞི་ཁྱོན་ལ་མུའུ་1672000ཟིན་ཡོད་ཅིང་། རྟེན་གཞིའི་སྦྲེལ་མཐུད་ཁེ་ལས་ནི་མཛོད་དགེ་ས་མཐོའི་ནོར་གནག་དཀར་ཆུ་ཐོན་ལས་ཚད་ཡོད་འགན་འཁྲི་ཀུང་སི་ཡིན་པ་རེད།