འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་21ཉིན།

༄༅།།པེ་ཅིང་སློབ་ཆེན་གྱི་སློབ་སྐྱོར་ཚོགས་པས་བོད་ལྗོངས་ཀྱི་དམིགས་བསལ་སློབ་གསོར་སྤྱི་ཕན་ཞལ་འདེབས་
བརྒྱབ་ནས་རོགས་རམ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་21ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།པེ་ཅིང་སློབ་ཆེན་གྱི་སློབ་སྐྱོར་ཚོགས་པས་བོད་ལྗོངས་ཀྱི་དམིགས་བསལ་སློབ་གསོར་སྤྱི་ཕན་ཞལ་འདེབས་
བརྒྱབ་ནས་རོགས་རམ་བྱས་པ།
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་7ཚེས་20ཉིན། པེ་ཅིང་སློབ་ཆེན་གྱི་སྐབས་21པའི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་བོད་ལྗོངས་ཡན་ལག་ཚོགས་པས་སྤེལ་བའི“ཁུག་རྟའི་ཚང་བཟོའི་བསམ་འདུན”ཞེས་པའི་སྤྱི་ཕན་ཞལ་འདེབས་རྒྱག་པའི་བྱེད་སྒོ། ཚེས་19ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་འཚོགས་ཤིང་། གཞིས་རྩེ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱི་བདེན་དཔང་འོག སྒོར་ཁྲི་18ཙམ་གྱི་བྱིས་པའི་གྱོན་ཆས་དང་ལུས་རྩལ་མཁོ་ཆས་སོགས་གཅེས་སེམས་དངོས་རྫས་ས་གནས་ས་ཐོག་ཏུ་སློབ་གྲྭར་ཞལ་འདེབས་བརྒྱབ་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། སློབ་སྐྱོར་ཚོགས་པས་དུས་འགོའི་སྤྱི་ཚོགས་བརྟག་ཞིབ་བྱེད་སྐབས་གཞིས་རྩེ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་ལུས་རྩལ་གྱོན་ཆས་སོགས་དཀོན་པོ་ཡོད་པ་ཤེས་རྟོགས་བྱུང་བ་དང་། པེ་ཅིང་སློབ་ཆེན་བོད་ལྗོངས་སློབ་གྲོགས་ལྷན་ཚོགས་དང་། བོད་ལྗོངས་པེ་ཅིང་ཚོང་ཚོགས། ལམ་འཚོལ་བ། རྒྱ་མཚོའི་བརྐོས་བརྙན་གྱི་ལྟ་ཕྱོགས་སློབ་གསོའི་བློ་འདྲི་ཚད་ཡོད་ཀུང་སི་སོགས་གཅེས་སེམས་ཚན་པ་དང་ཁེ་ལས་ཀྱི་རོགས་རམ་འོག སློབ་སྐྱོར་ཚོགས་པ་དང་སློབ་གྲྭའི་དབར་འབྲེལ་བ་ཡང་ཡང་བྱས་ནས། ཕྲུ་གུ་ཚང་མའི་གཟུགས་པོའི་རིང་ཚད་དང་གཟུགས་པོའི་ལྗིད་ཚད་ལ་གཞིགས་ནས་ཕྲུ་གུ་ཚོར་གཅེས་སེམས་མཚོན་པའི་དངོས་ཟོག་ཞལ་འདེབས་བརྒྱབ་པ་རེད།
    “ང་ཚོའི་ཞལ་འདེབས་ཀྱི་གཅེས་སེམས་དངོས་རྫས་ལ་ཚད་ཡོད་མོད། འོན་ཀྱང་ནུས་ཤུགས་ཕྲན་བུ་དེར་བརྟེན་ནས་ཁྱེད་ཚོར་ལྕག་སྐུལ་གྱི་ནུས་པ་བརྒྱུད་སྤྲོད་ཐུབ་པའི་རེ་བ་ཡོད་། ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག སློབ་སྐྱོར་ཚོགས་པའི་ཁོངས་མི་ཀུའོ་ཆིང་ཕུའུ་ཡིས་ཞལ་འདེབས་འབུལ་བའི་མཛད་སྒོར་ཞུགས་མཁན་གྱི་སློབ་མ་ཚོར་།  “ཁྱེད་ཚོའི་འཚར་ལོངས་ཀྱི་ལམ་བུའི་ཐོག་ན་མཉམ་ཚོ་དང་བསྡུར་ན་དཀའ་ཚེགས་དེ་བས་མང་བ་ཡོང་ངེས་རེད། ཁྱེད་ཚོས་ཡིད་ཆེས་རྒྱུན་འཁྱོངས་དང་། སྙིང་སྟོབས་ལ་བརྟེན་ནས་དཀའ་ངལ་ཁྱད་བསད་དང་། དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བདེ་སྐྱིད་ཐོབ་པར་བྱེད་པའི་རེ་བ་ཡོད་”ཅེས་བརྗོད།
    ལོ་15ལ་སླེབས་པའི་རྡོ་རྗེ་ཚེ་རིང་ནད་ཀྱིས་རྐྱེན་པས་གཟུགས་པོ་་ཆུང་ཆུང་ཡིན་པ་དང་། ཡུལ་དངོས་ནས་ལུས་ལ་འཚམ་པའི་གྱོན་ཆས་ཤིག་རག་པས་ཁོང་ཧ་ཅང་དགའ་པོ་བྱུང་ཡོད། “དགེ་རྒན་ཚོས་རྟག་ཏུ་ང་ཚོར་སྙིང་སྟོབས་ཆེར་སྐྱེད་ཀྱིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་པའི་ལྕག་སྐུལ་ཡང་ཡང་བྱེད་ཀྱི་ཡོད། ད་དུང་གཅེན་པོ་དང་གཅེན་མོ་མང་པོས་ང་ཚོར་སེམས་ཁུར་བྱེད་ཀྱི་ཡོད་པས། ང་ཚོས་གཅེས་འཛིན་བྱ་རྒྱུ་ཡིན་ཞེས་རྡོ་རྗེ་ཚེ་རིང་གིས་བཤད།
   “ཉེ་བའི་ལོ་ཤས་རིང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་སྤྱི་ཚོགས་ལས་རིགས་ཁག་གི་སེམས་ཁུར་འོག སློབ་གྲྭས་དམིགས་བསལ་བྱིས་པ་ཁག་ཅིག་ལས་ཞུགས་ལས་གནས་ཐོག་བསྐྱོད་དུ་བཅུག་པས་ཁོང་ཚོས་རང་སོ་སོའི་ལས་གནས་ཐོག་རང་ཁ་རང་གསོ་བྱེད་པ་དང་། སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱས་ཡོད། ”ཅེས་གཞིས་རྩེ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་སྤྱི་གཞོན་པ་བཀྲ་ཤིས་གཡང་འཛོམས་ཀྱིས་བཤད། “པེ་ཅིང་སློབ་ཆེན་ནི་ཀྲུང་གོའི་གྲགས་ཅན་གྱི་མཐོ་རིམ་སློབ་གྲྭ་ཞིག་ཡིན་ཞིང་། སློབ་མ་ཚོས་སློབ་གྲྭར་ཞལ་འདེབས་འབུལ་བར་ཡོང་ནས་ཁོང་ཚོའི་གཅེས་སེམས་དངོས་རྫས་ཁྱེར་ཡོད་པ་མ་ཟད། སློབ་མ་ཚོར་འབད་འཐབ་དང་ཡར་ཐོན་གྱི་བསམ་པའི་སྟོབས་ཤུགས་ཀྱང་བསྩལ་ཡོད།
   ལོར་པེ་ཅིང་སློབ་ཆེན་དུ་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པ་བཙུགས། 2001ལོ་ནས་བཟུང་། པེ་ཅིང་སློབ་ཆེན་གྱིས་སྔ་རྗེས་སུ་དང་བླངས་ཚོགས་ཆུང་84བདམས་ནས་སློབ་སྐྱོར་ཚོགས་པ་བོད་ལྗོངས་ཡན་ལག་ཚོགས་པ་བཙུགས་ཏེ་བོད་དུ་སློབ་སྐྱོར་ཞབས་ཞུ་བྱེད་པར་བཏང་བ་རེད། སྤྱི་ཚོགས་ལས་རིགས་ཁག་གི་རོགས་རམ་འོག བོད་ལྗོངས་ཡན་ལག་ཚོགས་པས་“པེ་ཅིང་སློབ་ཆེན་ནས་ལྷ་ས་སློབ་འབྲིང་བར”གྱི་ཡུལ་གཞན་དུ་་སློབ་སྦྱོང་དུ་འགྲོ་བ་དང་། “གངས་ལྗོངས་ཀྱི་་ཁུག་རྟའི་སྐད”གྱི་སྤྱི་ཕན་འཆད་ཁྲིད། “ཉི་འོད་ཡིག་རྒྱུགས་རོགས་རམ་”གྱི་མཐོ་རྒྱུགས་ཀྱི་གནོན་ཤུགས་སེལ་བ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་དང་ཇུས་འགོད་བྱས་པར་ས་གནས་དེ་གའི་དགེ་སློབ་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད།