འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་16ཉིན།

༄༅།།གར་སྟབས་འཁྱགས་ཤུད་ཀྱི་བྱ་དགའ་ཆེན་པོའི་འགྲན་བསྡུར་ཀྲུང་གོའི་བུམ་པ་དང་སྤྱིའི་མཐའ་བསྡུར་
འཆར་གཞི་ལྟར་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་16ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྤྱིའི་འཁྱགས་ཤུད་མནའ་འབྲེལ(ISU)གྱིས་སུའེ་ཙེར་གྱི་ས་གནས་འདི་གའི་དུས་ཚོད་ཚེས་13ཉིན་གར་སྟབས་འཁྱགས་ཤུད་ཀྱི་བྱ་དགའ་ཆེན་པོའི་འགྲན་བསྡུར་ཀྲུང་གོའི་བུམ་པ་དང་སྤྱིའི་མཐའ་བསྡུར་འཆར་གཞི་ལྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
    ཚེས་9ཉིན་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཚོད་ལྟའི་འགྲན་བསྡུར་སོགས་འགྲན་བསྡུར་ཆེན་པོ་ཕུད་2020ལོར་རྩ་དོན་ཐོག་རྒྱལ་སྤྱིའི་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་དང་བྱེད་སྒོ་གཞན་དག་སྤེལ་རྒྱུ་མིན་པའི་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་སྤྱིའི་འཁྱགས་ཤུད་མནའ་འབྲེལ་གྱིས་ཀྲུང་གོའི་འཁྱགས་ཤུད་མཐུན་ཚོགས་ཀྱི་གཏན་འཁེལ་བྱས་པ་འབྱོར་བས་གོང་གསལ་གྱི་འགྲན་བསྡུར་གཉིས་ལ་ཤུགས་རྐྱེན་ཐེབས་ཀྱི་མེད་ཅེས་བཤད་པ་རེད།
    ISUཡིས་གར་སྟབས་འཁྱགས་ཤུད་བྱ་དགའ་ཆེ་མོའི་འགྲན་བསྡུར་ཀྲུང་གོའི་བུམ་པ་ནི་འགྲན་བསྡུར་ཆེ་མོའི་ཁོངས་གཏོགས་འགྲན་བསྡུར་གྱི་གྲས་ཤིག་ཡིན་པ་དང་བྱ་དགའ་ཆེན་པོའི་འགྲན་བསྡུར་དྲུག་གི་གྲུབ་འབྲས་དེས་སྤྱིའི་མཐའ་བསྡུར་ནང་ཞུགས་པའི་ཐོབ་ཐང་གཏན་འཁེལ་བྱེད་ཐུབ། འདི་ལོའི་བྱ་དགའ་ཆེན་པོའི་འགྲན་བསྡུར་གྱི་སྤྱིའི་མཐའ་བསྡུར་ནི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཚོད་ལྟའི་འགྲན་བསྡུར་ཡིན་པས་དེར་བརྟེན་འཆར་གཞི་ལྟར་2020ལོའི་ཟླ་12ཚེས་10ནས་13ཉིན་བར་པེ་ཅིང་དུ་བྱ་རྒྱུ་ཡིན་པ་དང་གར་སྟབས་འཁྱགས་ཤུད་ཀྱི་བྱ་དགའ་ཆེན་པོའི་འགྲན་བསྡུར་ཀྲུང་གོའི་བུམ་པའང་འཆར་གཞི་ལྟར་ཟླ་11ཚེས་6ནས་ཚེས་8ཉིན་བར་ཁྲུང་ཆིང་དུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།