འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་4ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས། “བརྟག་དཔྱད་བྱེད་འདོད་པ་མཐའ་དག་ལ་
བརྟག་དཔྱད་བྱེད་པའི”ཉིང་སྐྱུར་གྱི་བརྟག་དཔྱད་བྱས་འབྲས་སྤྱིར་ན་ཆུ་ཚོད་24ནང་དོན་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་04ཉིན། 11:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་2ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས་ཟླ་7ཚེས་2ཉིན་ཁྱབ་བསྒྲགས་བྱས་པའི《སྨན་བཅོས་སྒྲིག་གཞིའི་ཏོག་དབྱིབས་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》ནང་ཉིང་སྐྱུར་བརྟག་དཔྱད་ཀྱི་ཚད་ལྡན་རང་བཞིན་དང་གོ་ཆོད་པའི་ཡུན་ཚད་གོང་མཐོར་བཏང་ནས“བརྟག་དཔྱད་བྱེད་འདོད་མཁན་མཐའ་དག་ལ་བརྟག་དཔྱད་བྱེད་པའི”ཉིང་སྐྱུར་གྱི་བརྟག་དཔྱད་བྱས་འབྲས་སྤྱིར་ན་ཆུ་ཚོད་24ནང་དོན་ཐུབ་པ་བྱེད་དགོས་པ་བཏོན་ཡོད།
    བརྡ་ཐོའི་ནང་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་ནད་པའི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་ཆུ་ཚོད་6ནང་དོན་ཐུབ་པ་བྱེད་པ་དང་རབ་བྱུང་ན་ཆུ་ཚོད་4ནང་དོན་ཐུབ་རྒྱུའི་བརྩོན་ལེན་བྱེད་དགོས་པ་དང་། སྒོ་བསྟེན་སྨན་ཁང་དཀྱུས་མ་དང་། ཚབས་ཆེན། སྨན་ཁང་དུ་བསྡད་པའི་ནད་པ་བཅས་དང་། དེ་བཞིན་ནད་གཡོག་སོགས་ཀྱི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་རྩ་དོན་ཐོག་ཆུ་ཚོད་12ནང་དོན་དགོས་པ། “བརྟག་དཔྱད་བྱེད་འདོད་མཁན་མཐའ་དག་ལ་བརྟག་དཔྱད་བྱེད་པའི”ཉིང་སྐྱུར་གྱི་བརྟག་དཔྱད་བྱས་འབྲས་སྤྱིར་ན་ཆུ་ཚོད་24ནང་དོན་ཐུབ་པ་བྱེད་དགོས་པ་བཅས་བཏོན་ཡོད།
   བརྡ་ཐོའི་ནང་སྨན་བཅོས་སྒྲིག་གཞིས་བརྟག་དཔྱད་བྱས་འབྲས་ཕན་ཚུན་ཁས་ལེན་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། ས་གནས་ཁག་གིས་རང་སོ་སོའི་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོ་དང་བསྟུན་ནས་ས་ཁོངས་ནང་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་ཕན་ཚུན་ཁས་ལེན་པའི་གཏན་འབེབས་བཟོས་ཏེ་ཁས་ལེན་གྱི་ཆ་རྐྱེན་དང་། དུས་ཚོད། སྨན་བཅོས་སྒྲིག་གཞིའི་ཁྱབ་ཁོངས་སོགས་གཏན་འཁེལ་བྱས་ནས་གང་ཐུབ་བརྟག་དཔྱད་བསྐྱར་དུ་བྱེད་མི་དགོས་པ་བཏོན་ཡོད།