འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་4ཉིན།

༄༅།།ཁྱོན་མི་ཁྲི་1844ལྷག་ཙམ་ལ་ཉིང་སྐྱུར་ བརྟག་བཤེར་བྱས་པ།

ཧུའུ་པེ་ནས་ཤེས་རྟོཌ་ཐུབ་པའི་ནད་རྟགས་མེད་པའི་ནད་པ་ཚང་མ་ལོགས་འཇོག་བྱེད་མཚམས་བཞག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་04ཉིན། 11:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཝུའུ་ཧན་ནས་ཟླ་7ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་1ཉིན་གསར་འགོད་པས་ཧུའུ་པེ་ཞིང་ཆེན་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར། ཧུའུ་པེ་ཞིང་ཆེན་གྱི་ནད་རྟགས་མེད་པའི་ནད་པ་མཇུག་ཤོས་དེ་ཟླ་6ཚེས་30ཉིན་ལོགས་སུ་བཞག་ནས་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་པ་རེད། དེ་ལས་ཞིང་ཆེན་ཡོངས་ནས་ཤེས་རྟོགས་ཐུབ་པའི་ནད་རྟགས་མེད་པའི་ནད་པ་ཚང་མ་ལོགས་འཇོག་བྱེད་མཚམས་བཞག་པ་མཚོན་ཐུབ།
   ཧུའུ་པེ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་6ཚེས་30ཉིན་གྱི་ཆུ་ཚོད་24བར། ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་མི་ཁྲི་1844ལྷག་ཙམ་ལ་ཉིང་སྐྱུར་བརྟག་བཤེར་བྱས་པ་དང་། ནད་རྟགས་མེད་པའི་ནད་པ་4246(མངའ་ཁོངས་ཕྱི་ནས་སླེབས་པའི་ནད་པ་9ཡོད་པ)སྙན་སེང་ཞུས་པ། ཉིན་10བསྟུད་མར་ནད་རྟགས་མེད་པའི་ནད་པ་ཐོན་མེད། ཟླ་5ཚེས་14ཉིན་ཝུའུ་ཧན་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་ཡོངས་སུ་ཉིང་སྐྱུར་དབྱེ་བཤེར་ཆེན་པོ་དང་
    གྲོང་ཁྱེར་གཞན་དག་གི་གཙོ་གནད་མི་ཚོགས་ལ་དབྱེ་བཤེར་བྱས་ཚུན། ཧུའུ་པེ་ཞིང་ཆེན་གྱིས་མི་ཁྲི་1323ལྷག་ཙམ་དབྱེ་བཤེར་བྱས་པའི་ནང་གཏན་འཁེལ་བྱས་པའི་ནད་དཔེ་གཅིག་ཀྱང་ཐོན་མེད། ནད་རྟགས་མེད་པའི་ནད་པ་307ཤེས་རྟོགས་བྱུང་བའི་ནང་གཏན་འཁེལ་བའི་ནད་དཔེར་སྒྱུར་མཁན་གཅིག་ཀྱང་བྱུང་མེད་པ་དང་། འབྲེལ་ཐུག་དམ་ཟབ་ཡོད་མཁན་གྲས་ནས་གདགས་གཤིས་ནད་དཔེ་གཅིག་ཀྱང་ཐོན་མེད་པ། ནད་དུག་སྐྱེད་སྲིང་བྱེད་སྐབས་ནད་དུག་གསོན་པོ་གཅིག་ཀྱང་ཐོན་མེད་པ། ཁོར་ཡུག་གི་མ་དཔེའི་ཁྲོད་ནས་གདགས་གཤིས་ནད་དཔེ་གཅིག་ཀྱང་ཐོན་མེད་པ་བཅས་རེད།