འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་30ཉིན།

༄༅༎སི་ཁྲོན་དུ་ནད་གཞི་གཏན་འཁེལ་བྱུང་བའི་ནད་དཔེ་3མང་དུ་ཕྱིན་པ་ཚང་མ་ནད་རྟགས་མེད་པ་ནས་
ནད་གཞི་གཏན་འཁེལ་བྱུང་བར་འགྱུར་བ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་30ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་6ཚེས་29ཉིན་གྱི་ཆུ་ཚོད་0-24བར། སི་ཁྲོན་དུ་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་དཔེ་3(ཚང་མ་མངའ་ཁོངས་ཕྱི་ནས་འགོས་པ་ཡིན་ཞིང་། ཟླ་6ཚེས་28ཉིན་གྱི་ནད་རྟགས་མེད་པའི་འགོས་ནད་ཡོད་མཁན་དེ་ནད་གཞི་གཏན་འཁེལ་བྱུང་བར་འགྱུར་བ་རེད)གསར་འཕར་བྱུང་བ་དང་། དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པའི་ནད་དཔེ་1མང་དུ་ཕྱིན་པ། དོགས་ཡོད་ནད་དཔེ་གསར་འཕར་བྱུང་མེད་པ། གྲོངས་པའི་ནད་དཔེ་གསར་འཕར་བྱུང་མེད་པ་བཅས་རེད།
     ཟླ་6ཚེས་30ཉིན་གྱི་ཆུ་ཚོད་0བར། ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་དཔེ་595(དེའི་ནང་མངའ་ཁོངས་ཕྱི་ནས་འགོས་པའི་ནད་དཔེ54)ཡི་སྙན་ཞུ་འབྱོར་བ་དང་། རིམ་རྩིས་བྱས་ན་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པའི་ནད་དཔེ་578དང་གྲོངས་པའི་ནད་དཔེ་3ཡོད། མིག་སྔར་སྨན་ཁང་དུ་ལོགས་སུ་འཇོག་ནས་སྨན་བཅོས་བྱེད་བཞིན་པ་14ཡོད་པ་དང་མི་317གྱིས་ད་དུང་གསོ་རིག་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད།
     ཟླ་6ཚེས་29ཉིན་གྱི་ཆུ་ཚོད་0-24བར། ཞིང་ཆེན་ཡོངས་སུ་ནད་རྟགས་མེད་པའི་ནད་དཔེ་གསར་འཕར་བྱུང་མེད། ཉིན་དེར་ནད་གཞི་གཏན་འཁེལ་བྱུང་བར་བསྒྱུར་པའི་ནད་དཔེ་3་ཡོད་པ་དང་། ཉིན་དེར་གཅིག་སྡུད་ཐོག་ལོགས་སུ་འཇོག་ནས་གསོ་རིག་ལྟ་ཞིབ་བྱེད་པ་མེད་པ་བཟོས་པ་0ཡོད་པ། ད་དུང་གཅིག་སྡུད་ཐོག་ལོགས་སུ་འཇོག་ནས་གསོ་རིག་ལྟ་ཞིབ་བྱེད་མཁན་7(དེའི་ནང་མངའ་ཁོངས་ཕྱི་ནས་འགོས་པའི་ནད་དཔེ་5ཡོད། ཧུའུ་པེ་ནས་འགོས་པའི་ནད་དཔེ་2ཡོད)ཡོད། ཉིན་སྔོན་མ་ལས་ནད་དཔེ་3ཉུང་དུ་ཕྱིན་ཡོད།
     སི་ཁྲོན་ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)183ཚང་མ་ཉེན་ཁ་ཆུང་བའི་ཁུལ་ཡིན།