འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་30ཉིན།

༄༅།།དབྱི་རན་གྱིས་ཐེ་རོན་ཕུ་འཛིན་དགོས་པའི་བླང་བྱ་བཏོན། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་30ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་6ཚེས་29ཉིན། དབྱི་རན་ཐེ་ཧའེ་རན་གྲོང་ཁྱེར་གྱི་ཞིབ་བཤེར་དཔོན་པོ་མའེ་ཧེར་གྱིས། དབྱི་རན་གྱིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ལ་དབྱི་རན་དབྱི་སི་ལན་གསར་བརྗེའི་སྲུང་དམག་རུ་ཁག་མངའ་འོག་གི་“གནས་མཁར་སྲུང་དམག་”གི་བཀོད་འདོམས་དམག་དཔོན་ཁཱ་ཞེམ་སུའུ་ལའེ་མན་ཉི་ལྐོག་གསོད་ལ་ཞུགས་པར་དོགས་ཡོད་ཀྱི་ཨ་རིའི་དཔོན་པོ་36འཛིན་དགོས་པའི་བླང་བྱ་བཏོན་པ་དང་། དེའི་ཁྲོད་དུ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡང་ཡོད་ཟེར། 
   མའེ་ཧེར་གྱིས། དབྱི་རན་ཕྱོགས་ཀྱིས་དམག་དཔོན་སུའུ་ལེ་མན་ཉི་ལྐོག་གསོད་ལ་ཞུགས་པར་དོགས་ཡོད་ཀྱི་ཨ་རིའི་ཆབ་སྲིད་དང་དམག་དོན་དཔོན་པོ་36ལ་རྟོག་ཞིབ་བྱས་ཤིང་། ཁོ་ཚོར་ལྐོག་གསོད་ཀྱི་ནག་ཉེས་དང་འཇིགས་སྐུལ་བྱ་འགུལ་སྤེལ་བའི་ནག་ཉེས་སྐྱོན་འདོན་ཉེས་གཏུག་བྱས་ཡོད་ཟེར།
   རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་པ་རྩ་འཛུགས་ཀྱིས་དེའི་ཐད་ལ་ད་དུང་ལན་སྤྲད་མེད། 
    ད་ལོའི་ཟླ་1ཚེས་3ཉིན། སུའུ་ལེ་མན་ཉི་ནི་དབྱི་རག་པ་ཀ་ཏཱ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཕྱི་རོལ་ཏུ་ཨ་རིའི་དམག་གིས་མཁའ་རྒོལ་ལ་བརྟེན་ནས་བསད་པ་རེད།