འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་24ཉིན།

༄༅།།མོ་ཞི་ཁོ་རུ་ས་ཡོམ་རིམ་པ་7.5བྱུང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་24ཉིན། 12:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མོ་ཞི་ཁོ་རུ་ས་ཡོམ་རིམ་པ་7.5བྱུང་།
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།ཟླ་6ཚེས་23ཉིན།མོ་ཞི་ཁོ་ལྷོ་རྒྱུད་ཝ་ཧ་ཁཱ་མངའ་སྡེ་རུ་ཚེས་23ཉིན་ས་ཡོམ་རིམ་པ་7.5བྱུང་བ་དང་། རྒྱལ་ཡོངས་ས་ཆ་མང་པོ་ལ་ས་ཡོམ་བྱུང་བའི་ཚོར་སྣང་མངོན་གསལ་བྱུང་ཡོད།ས་ཆ་ཁག་ཅིག་གི་སྒྲིག་ཆས་ལ་གཏོར་བརླག་ཐེབས་པ་དང་། མིག་སྔར་མི་གཅིག་གི་ཚེ་སྲོག་ཤོར་ཡོད།
    མོ་ཞི་ཁོ་རྒྱལ་ཁབ་ས་ཡོམ་ཅུས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན།ས་ཡོམ་ནི་ས་གནས་དེ་གའི་དུས་ཚོད་ཚེས་23ཉིན་གྱི་ཆུ་ཚོད་10དང་སྐར་མ་29ཐོག(པེ་ཅིང་དུས་ཚོད་ཆུ་ཚོད་23དང་སྐར་མ་29ཐོག)བྱུང་བ་དང་།ཡོམ་ལྟེ་ནི་ཝ་ཧ་ཁཱ་མངའ་སྡེའི་ཁེ་ལུའུ་སའེ་ཞི་ཐཱའི་ལྷོ་ཕྱོགས་ནས་སྤྱི་ལེ་23ཡི་མཚམས་སུ་ཡིན་ཞིང་། ཡོམ་ཁོངས་ཀྱི་ཟབ་ཚད་ལ་སྤྱི་ལེ་5ཡོད།
    མོ་ཞི་ཁོ་ནི་ས་ཡོམ་བྱུང་མང་བའི་རྒྱལ་ཁབ་ཅིག་རེད། 2017ལོའི་ཟླ་9ཚེས་7ཉིན། མོ་ཞི་ཁོ་ལྷོ་རྒྱུད་མཚོ་ཁོངས་སུ་ས་ཡོམ་རིམ་པ་8.2བྱུང་ནས་མི་98ཀྱི་ཚེ་སྲོག་ཤོར་ཡོད། ཟླ་9ཚེས་19ཉིན། མོ་ཞི་ཁོ་དབུས་རྒྱུད་དུ་ས་ཡོམ་རིམ་པ་7.1བྱུང་བ་དང་། མི་369ཚེ་ལས་འདས་ཡོད།
【1】  【2】
༄༅།།མོ་ཞི་ཁོ་རུ་ས་ཡོམ་རིམ་པ་7.5བྱུང་།