འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་18ཉིན།

༄༅།།མཐོ་སྒང་གི་དབྱངས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་18ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཐོ་སྒང་གི་དབྱངས།
    མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་17ཉིན།  ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གསར་འགྱུར་ལྟར་ན། ཟླ་6པའི་ཟླ་དཀྱིལ་དུ། གསར་འགོད་པ་ཁྲོན་ནུབ་མཐོ་སྒང་དུ་བསྐྱོད་དུས་རྣ་ལམ་དུ་སྒྲ་སྣ་ཚོགས་ཐོས་རྒྱུ་བྱུང་། 
    སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཛམ་ཐང་རྫོང་སྤང་ཐོག་རྡོ་བརྐོས་སྤྱི་གླིང་དུ། གྲོང་མི་མི་འགྱུར་སྐྱིལ་མོ་ཀྲུང་དུ་བསྡད་ཅིང་། ལག་གཡོན་པས་གཟོང་དང་གཡས་སུ་ཐོ་བ་བཟུང་ནས། གོ་རིམ་ལྡན་པའི་ངང་རྡུང་བཞིན་འདུག གཟོང་འོག་ཏུ་རྡོ་བརྐོས་རི་མོ་ཞིག་ག་ལེར་གསལ་པོར་མངོན་ཡོང་བཞིན་འདུག 
    “ངས་ནམ་རྒྱུན་དུ་རྨི་ལམ་དུ་‘ཏིན་ཏིན་ཏང་ཏང་’ཞེས་པའི་སྒྲ་རྨི་བཞིན་འདུག སྒྲ་དེ་ཧ་ཅང་སྙན་པོ་འདུག”མི་འགྱུར་གྱིས་ཁོང་གི་ཕ་ཡུལ་ནི་ཛམ་ཐང་རྫོང་རྫོང་མདའ་ཡུལ་ཚོ་གདོང་ངོས་གྲོང་ཚོའི་ཡིག་ཚགས་དང་ཁཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་ཞིང་། ཁྱིམ་དུ་ཁོང་དང་ཕྲུ་གུ་གསུམ་ལས་མེད། མུའུ་4ཡོད་པའི་ས་ཞིང་དུ་ནས་འདེབས་པ་ཙམ་ལས་ཡོང་འབབ་གཞན་མེད་པས་འཚོ་བ་ཧ་ཅང་དབུལ་བོ་ཡིན། ད་ཆ་ནི་ཁོ་རང་དབུལ་སྒྲོལ་བྱུང་ཡོད་པ་མ་ཟད། ད་དུང་རྡོ་བརྐོས་ལག་རྩལ་ལ་བརྟེན་ནས་“ཕྱུག་འགྱུར་”ལམ་དུ་བསྐྱོད་ཡོད་ཟེར།
    2014ལོའི་སྔོན་དུ། མི་འགྱུར་གྱིས་རྡོ་བརྐོའི་ལག་རྩལ་ཤེས་ཀྱི་མེད། 2016ལོར། རྫོང་ནང་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་བྱེད་པའི་ཐབས་ལམ་སྤྱད་ནས་རྡོ་བརྐོས་གསོ་སྦྱོང་ཁང་བཙུགས་ཤིང་། མི་འགྱུར་དང་ཉེ་འགྲམ་གྱི་གྲོང་ཚོའི་ནང་གི་དབུལ་ཕོངས་དུད་ཚང་ཁག་ཅིག་ནི་དེའི་ནང་གི་སློབ་མར་གྱུར་བ་རེད། རྡོ་འདེམས་པ་དང་རགས་འབྲི། རྡོ་རྐོ་བ། ཚོན་བྱུགས་པ་སོགས་ལས་རིམ་རེ་རེ་ནས་སློབ་འགོ་ཚུགས་པ་ན་མི་འགྱུར་གྱིས་མགྱོགས་པོར་རྡོ་བརྐོས་བརྩམས་ཆོས་བཟོ་ཤེས་པ་གྱུར། ད་ཆར། ཁོང་ནི་སློབ་མ་ནས་ལས་བྱེད་མི་སྣ་དངོས་སུ་གྱུར་ཞིང་། ལོ་གཅིག་གི་ཡོང་འབབ་ནི་སྒོར་ཁྲི་2ལྷག་ཡོད། 
    གསལ་བཟང་ནི་བསེ་གུ་གྲོང་ཚོའི་ཡིག་ཚགས་དང་ཁཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་ཞིང་། ཁྱིམ་དུ་ཞིང་མུའུ་ཕྱེད་ཀ་ལས་མེད། ལོ་མང་གོང་ཁོང་གིས་སྨན་རྩྭ་འཐུས་ནས་འཚོ་བ་སྐྱེལ་བ་དང་། དུས་རྒྱུན་ཐག་རིང་དུ་སྨན་རྩྭ་འཐུ་བར་འགྲོ་དགོས་པ་རེད། ཉེ་ཆར། གསལ་བཟང་ལ་ལས་ཀ་གསར་པ་ཞིག་རགས་པ་སྟེ། ས་གནས་དེ་གའི་ཞིང་འབྲོག་ཐོན་ལས་ཀུང་སིའི་ལས་བྱེད་མི་སྣར་གྱུར་ཡོད། ཀུང་སི་དེས་བསེ་གུ་གྲོང་ཚོ་རུ་ས་ཞིང་འཁོར་བརྒྱུད་བྱས་པར་བརྟེན་ནས་མཐོ་སྒང་གི་སྔོ་ཚལ་རྟེན་གཞི་ཞིག་བཙུགས་ཡོད། གསོ་སྦྱོང་བྱས་པ་བརྒྱུད། མ་གཞི་འདེབས་འཛུགས་སོགས་གང་ཡང་མི་ཤེས་པའི་གསལ་བཟང་ནི་ད་ལྟ་སོན་འདེབས་དང་ཞིང་རྨོ་བའི་ཐད་ལ་བྱང་ཆ་ཆེན་པོ་ལྡན་ཡོད། 
   “ང་ནི་འདྲུད་འཐེན་འཕྲུལ་འཁོར་གྱི་‘རྡིལ་རྡིལ’ཞེས་པའི་སྒྲ་ལ་དགའ་བོ་ཡོད། དེ་ནི་མདུན་ཕྱོགས་སུ་བགྲང་གིས་མི་ལང་བའི་རྟ་ནོར་རྒྱུག་བཞིན་ཡོད་པ་དང་འདྲ་བོ་ཡོད ”ཅེས་གསལ་བཟང་གིས་བཤད། ཁོང་ལ་མཚོན་ན། དེ་ནི་འབྱོར་འབྲིང་སྤྱི་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་སྐད་སྒྲ་དེ་རེད། ད་ལོའི་ཟླ་6པ་ནས་བཟུང་། གསལ་བཟང་ལ་ཟླ་རེར་ཡོང་འབབ་སྒོར་2700ཡོད་པ་རེད། 
    བསེ་གུ་གྲོང་ཚོ་རུ་གསར་འགོད་པ་ས་གནས་དེ་གའི་གྲོང་མི་ཚོས་གླ་ཕོགས་ལེན་པའི་སྐབས་ལ་འཁེལ་བྱུང་།
    གསར་འགོད་པ་རྔ་བ་རྫོང་དུ་ཡོང་བ་དང་། རྔ་བ་རྫོང་མི་རིགས་ཞག་སྡོད་སློབ་ཆུང་གི་ན་ཆུང་ཕོ་བྲང་དུ། “པང་པང་ཚ། པང་པང་ཚ་”ཞེས་པའི་སྒྲ་ཞིག་ཐོས་བྱུང་།
    འདི་ནི་སློབ་མ་ཚོས་མན་ཐོ་ལིན་དཀྲོལ་བའི་སྒྲ་རེད། ཁོང་ཚོས་མཉམ་དུ་དམངས་གཞས་ལེན་བཞིན་འདུག སློབ་ཆུང་ལོ་རིམ་དྲུག་པའི་སློབ་མ་ཟུང་འཇུག་སྐྱབས་ཀྱིས་འདི་རུ་རྡུང་ལེན་སློབ་སྦྱོང་བྱས་ནས་ལོ་གཉིས་རེད། ཁོས་སྒྲ་སྙན་འདི་ཧ་ཅང་སྙན་པོ་ཡོད། སྦྲང་ཆ་ཟིལ་མ་འབབ་པའི་སྒྲ་དང་འདྲ་ཞིང་སེམས་བདེ་བས་ཁེངས་འགྲོ། ཕྱི་དྲོ་ངལ་གསོ་སྐབས། ཁོང་དུས་རྒྱུན་དུ་ན་ཆུང་ཕོ་བྲང་དུ་སྒྲ་སྙན་སྦྱོང་བར་འགྲོ་བས་སེམས་པ་སྐྱིད་པོ་འདུག་ཟེར། 
    ཟུང་འཇུག་སྐྱབས་ནི་རྔ་བ་རྫོང་གི་ཡིག་ཚགས་དང་ཁཱ་བཟོས་པའི་དུད་ཚང་དབུལ་པོའི་ཕྲུ་གུ་ཞིག་རེད། ཁོང་གིས། སྒྲ་སྐད་སྙན་མོ་འདི་ཁོང་གི་མ་འོངས་པའི་རེ་བའང་ཡིན། ཁོང་གིས་ངེས་པར་དུ་སློབ་སྦྱོང་ལ་འབད་པ་ཆེན་པོ་བྱས་ནས། “ནར་སོན་རྗེས་སྒྲ་སྙན་བརྒྱུད་དེ་མི་ལ་བདེ་སྐྱིད་སྤྲོད་རྒྱུ་”ཞེས་བཤད། 
    ཉིན་དེའི་ཕྱི་དྲོར། རྔ་བ་རྫོང་བོད་ཡིག་སློབ་འབྲིང་ནས། སློབ་ཚན་འཚོགས་པའི་འཚོག་བརྡ་གྲགས་བྱུང་། ལོ་15སོན་པའི་ཤེར་བསྟན་ནི་སློབ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཡིན་པ་དང་། སློབ་གྲྭའི་ནང་གི་དཔེ་ཀློག་གི་སྒྲ་དང་སློབ་ཚན་འཚོག་བརྡ་ནི་ཁོང་ཉིད་ལ་མཚོན་ན་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། 
   གསར་འགོད་པ་ཁ་གྱེས་ཏེ་འགྲོ་དུས། དཔེ་ཀློག་གི་སྒྲས་སླར་ཡང་སློབ་ར་ཁེངས་སོང་། 
【1】  【2】  【3】  【4】
༄༅།།མཐོ་སྒང་གི་དབྱངས།