འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་15ཉིན།

༄༅༎བཀྲ་ཤིས་གླིང་རྫོང(ལི་རྫོང)དུ་འདམ་རྡོའི་ཆུ་རུད་ཐོན་ནས་ལམ་བུ་ཆད་པས་ས་གནས་དེས་
མང་ཚོགས་99བདེ་འཇགས་ངང་གནས་སྤོ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་15ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
མྱག་ལོའི་མངའ་ཁོངས་ནང་གི་རྒྱལ་ལམ་317ལམ་ཐིག་གི་སྤྱི་ལེ་248མཚམས་སུ་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད།
མྱག་ལོའི་མངའ་ཁོངས་ནང་གི་རྒྱལ་ལམ་317ལམ་ཐིག་གི་སྤྱི་ལེ་248མཚམས་སུ་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད།
     མི་དམངས་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་དྲག་ཆར་བབས་པའི་རྐྱེན་གྱིས། ཟླ་6ཚེས་13ཉིན་གྱི་ཆུ་ཚོད་21ཙམ་ལ། མྱག་ལོའི་མངའ་ཁོངས་ནང་གི་རྒྱལ་ལམ་317ལམ་ཐིག་གི་སྤྱི་ལེ་248མཚམས་སུ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཐོན་ནས་འབར་ཁམས་ནས་བཀྲ་ཤིས་གླིང་རྫོང་(ལི་རྫོང་)བར་གྱི་ལམ་བུ་ཁྱོན་ཡོངས་ཆད་ཡོད། ཟླ་6ཚེས་14ཉིན། ལི་རྫོང་གི་རྫོང་ཨུད་དྲིལ་བསྒྲགས་པུའི་གཞུང་ཕྱོགས་དཔོད་ཆུང་གིས་གནས་ཚུལ་སྤེལ་ནས་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་དུས་ཐོག་ཏུ་མྱག་ལོའི་མང་ཚོགས་དུད་ཚང་55དང་མི་99བདེ་འཇགས་ངང་གནས་སྤོ་བྱས་ཟིན་པ་དང་། འཕྲུལ་ཆས་ཆེ་གྲས་སྒྲིག་འཛུགས་བྱས་ནས་འགྲོ་ལམ་མྱུར་བཟོ་བྱེད་བཞིན་ཡོད་ཅེས་བཀོད་ཡོད། མིག་སྔར་གནོད་འཚེ་ཕོག་པའི་གནས་ཚུལ་ད་དུང་གོམ་གང་མདུན་སྤོས་ངང་ཞིབ་བསྡུར་བྱེད་བཞིན་ཡོད་ཅིང་། ལམ་དུམ་དེར་འགྲིམ་འགྲུལ་བཀག་སྡོམ་བྱས་པས་རླངས་འཁོར་བསྐྱོད་ཆོག་གི་མེད། བཀྲ་ཤིས་གླིང་རྫོང་(ལི་རྫོང་)རྫོང་ཨུད་དང་རྫོང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག སྡེ་ཚན་ཁག་གིས་མཐུན་སྦྱོར་མཉམ་འགུལ་བྱས་ནས་འགྲོ་ལམ་མྱུར་བཟོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
༄༅༎བཀྲ་ཤིས་གླིང་རྫོང(ལི་རྫོང)དུ་འདམ་རྡོའི་ཆུ་རུད་ཐོན་ནས་ལམ་བུ་ཆད་པས་ས་གནས་དེས་
མང་ཚོགས་99བདེ་འཇགས་ངང་གནས་སྤོ་བྱས་པ།