འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་12ཉིན།

༄༅༎སི་ཁྲོན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཨ་རྡོར་གྱིས་ལྐོག་རྔན་ལེན་པའི་དོགས་གཞི་ཡོད་པའི་
གྱོད་གཞི་ཁྲིམས་ལྟར་གཞུང་གཏུག་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་12ཉིན། 12:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
    མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སི་ཁྲོན་ཞིང་ཆེན་རྡོ་སོལ་ཐོན་ལས་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཏུང་ཧྲི། སི་ཁྲོན་ཞིང་ཆེན་ཟོག་འགྲེམས་ཐོན་ལས་མ་རྐང་ཚད་ཡོད་ཀུང་སིའི་དེ་སྔའི་ཏུང་ཧྲི་ཨ་རྡོར(ཐིང་རིམ་པ་གཞོན་པ)གྱིས་ལྐོག་རྔན་ལེན་པའི་དོགས་གཞི་ཡོད་པའི་གྱོད་གཞིར་སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་དམིགས་འཛུགས་མངའ་འོག་བརྒྱུད། ནན་ཁྲུང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ནན་ཁྲུང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་པ་རེད།
    ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཁྲིམས་སྦྱོར་དུས་རིམ་ནང་། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ཨ་རྡོར་ལ་གཏུག་བཤེར་བྱེད་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཤེས་སུ་འཇུག་པ་མ་ཟད། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མར་འདྲི་རྩད་བྱས་པ་དང་། དག་འབུད་བྱེད་མཁན་གྱི་བསམ་འཆར་ཉན་ཡོད་པ་རེད།
    ནན་ཁྲུང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་ནས་སྐྱོན་འདོན་བྱས་དོན། ཞུ་སྦྱོར་ཕྱི་མ་ཨ་རྡོར་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས། ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས་མི་གཞན་ལ་ཁེ་ཕན་སྒྲུབ་རོགས་བྱེད་པ་དང་། ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་དངོས་བླངས་ཤིང་གྲངས་འབོར་ཧ་ཅང་ཆེ་བས། ཁྲིམས་ལྟར་ལྐོག་རྔན་ལེན་པའི་ཉེས་པའི་ཐོག་ནས་དེའི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས་པ་བསྟན་ཡོད།