འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་8ཉིན།

༄༅།།སྨན་བཅོས་འགན་བཅོལ་སྲིད་ཇུས་སྐོར་གྱི་དྲི་བ་དྲིས་ལན། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་08ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྨན་བཅོས་འགན་བཅོལ་སྲིད་ཇུས་སྐོར་གྱི་དྲི་བ་དྲིས་ལན།
   མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་7ཉིན། ནད་གཞི་ཆེ་རིགས་དང་། སྨན་བཅོས་འགྲོ་གྲོན་ཆེན་པོ།  སྨན་བཅོས་འགན་བཅོལ་རྩིས་ཞུའི་ཁ་གྲངས་ས་གནས་དེ་གའི་ཚད་གཞི་ལས་བརྒལ་བ། ནད་གཞི་ཚབས་ཆེན་བྱུང་བ་དང་འགྲོ་གྲོན་ཆེ་བའི་སྨན་བཅོས་རིན་པ་ལ་འཕྲད་དུས། ང་ཚོས་ད་དུང་སུ་ཞིག་ལ་སྐྱབས་བཅོལ་བྱ་ཆོག་གམ། 
   ཉེ་ཆར། རྒྱ་ཆེའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་སྟབས་བདེ་ངང་སྨན་བཅོས་འགན་བཅོལ་སྲིད་ཇུས་རྒྱུས་ལོན་ཡོད་པ་དང་། བལྟས་པ་ཙམ་གྱིས་ཧ་གོ་ཞིང་། སྦྱོང་བ་ཙམ་གྱིས་ཤེས་ཐུབ་ཆེད། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་“སྨན་བཅོས་འགན་བཅོལ་སྲིད་ཇུས་སྐོར་གྱི་དྲི་བ་དྲིས་ལན་ཐུང་ངུ་”ཡི་མུ་འབྲེལ་འགུལ་རིས་བཟོས་ནས། སྐར་མ་གཉིས་ཀྱི་རིང་ལ་སྤྱོད་སྒོ་ཆེ་བའི་སྨན་བཅོས་འགན་བཅོལ་སྲིད་ཇུས་གསར་ཤོས་མགྱོགས་པོར་ཤེས་རྟོགས་ཐུབ་པ་བྱས་ཡོད། དེ་རིང་ང་ཚོས་ནད་གཞི་ཆེ་རིགས་ཀྱི་འགན་བཅོལ་ཇི་ལྟར་ཡིན་མིན་རྒྱུས་ལོན་ཞིག་བྱ། 
   ནད་གཞི་ཆེ་རིགས་ཀྱི་འགན་བཅོལ་ལམ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་གཞི་ཆེ་རིགས་འགན་བཅོལ་ནི་གཙོ་བོ་ནད་ཚབས་ཆེན་ཕོག་པའི་ནད་པའི་སྨན་བཅོས་འགྲོ་གྲོན་རིན་གོང་མཐོ་བ་ལ་དམིགས་ནས། གཞི་རྩའི་སྨན་བཅོས་འགན་བཅོལ་སྤྲད་པའི་རྨང་གཞིའི་ཐོག  སྔར་ལས་ལྷག་པའི་རིན་པ་སྤྲད་དེ་ཐེངས་གཉིས་པར་རིན་པ་རྩིས་རྒྱག་པ་རེད། རྒྱ་ཆེའི་མི་དམངས་མང་ཚོགས་ནད་ན་བས་དབུལ་ཕོངས་སུ་འགྱུར་བ་དང་། ནད་ན་བས་དབུལ་ཕོངས་བསྐྱར་དུ་ལོག་པའི་གནད་དོན་ཐག་གཅོད་བྱས་ཡོད། ནད་ཚབས་ཆེན་ཕོག་པས་དཔལ་འབྱོར་གྱི་དཀའ་ངལ་མི་ཡོང་ཆེད་རྒྱལ་ཁབ་ཀྱིས་བཏོན་པའི་མི་དམངས་ལ་ཕན་པའི་སྲིད་ཇུས་ཤིག་རེད།
    གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱི་སྨན་བཅོས་རིན་གོང་མཐོ་དྲགས་པ་དང་། ནད་གཞི་ཆེ་རིགས་ཀྱི་འགན་བཅོལ་གྱི་འགྲོ་གྲོན་རྩིས་ཞུའི་ཚད་གཞི་ལས་བརྒལ་ན། སྨན་བཅོས་ཀྱི་ཁུར་པོ་དངོས་ཀྱི་གནས་ཚུལ་གཞིར་བཟུང་ནས། ནད་གཞི་ཆེ་རིགས་ཀྱི་འགན་བཅོལ་བྱེད་ཁོངས་སུ་བཅུག་སྟེ་ནད་གཞི་ཆེ་རིགས་ཀྱི་འགན་བཅོལ་བརྒྱུད་དེ་སྔར་ལས་ལྷག་པར་རྩིས་ཞུ་བྱེད་ཆོག་པ་རེད།
    མིག་སྔར་ལག་བསྟར་བྱས་པ་ལ་གཞིགས་ན། ནད་གཞི་ཆེ་རིགས་འགན་སྲུང་སྲིད་ཇུས་ཁྱབ་ཁོངས་ནང་གི་འགྲོ་གྲོན་གྱི་བསྡུར་ཚད་ནི་50%ཡན་ཡིན་པ་དང་། ད་དུང་འགན་བཅོལ་ཆུ་ཚད་མུ་མཐུད་ཇེ་མཐོར་འགྲོ་བཞིན་ཡོད། 2019ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བླང་བྱ་བཏོན་པར་གཞིགས་ན་སྲིད་ཇུས་ཁྱབ་ཁོངས་སུ་རྩིས་རྒྱག་པའི་བསྡུར་ཚད་ནི་50%ནས་60%བར་ཇེ་མཐོར་བཏང་ཡོད།
    དབུལ་ཕོངས་མི་འབོར་གྱི་རྩིས་རྒྱག་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་ཕོངས་མི་འབོར་གྱི་ཐོག་མའི་རྩིས་རྒྱག་ཚད་གཞི་50%དམའ་རུ་གཏོང་བ་དང་། འགྲོ་སོང་རྩིས་ཞུའི་བསྡུར་ཚད་བརྒྱ་ཆའི་གཞི་གྲངས་5 མཐོ་རུ་བཏང་བ་མ་ཟད་ཡས་མཐའ་མེད་པ་བྱས་ཡོད། 
    དབུལ་ཕོངས་མི་འབོར་རམ་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱིས་དུ་དུང་དེ་འབྲེལ་གྱི་སྨན་བཅོས་རོགས་སྐྱོར་རེ་ཞུ་བྱེད་ཆོག་ཅིང་། ཞིབ་ཕྲའི་གནས་ཚུལ་ས་གནས་དེ་གའི་སྨན་བཅོལ་འགན་སྲུང་སྡེ་ཁག་ལ་བཀའ་འདྲི་ཞུས་ཆོག