འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་5ཉིན།

༄༅༎ཀན་ལྷོ་བོད་རིགས་ས་ཁུལ་གྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཡོང་བར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་05ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཟླ་5ཚེས་28ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བཱ་ཙེ་རྫོང་བསྒྲུབས་རྒྱོ་གྲོང་རྡལ་ཡར་རྫ་གྲོང་ཚོའི་མཛེས་ལྗོངས་ཁུལ་དུ་ཡུལ་མི་འགའ་ངལ་གསོ་བཞིན་པ།
འདི་ནི་ཟླ་5ཚེས་28ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བཱ་ཙེ་རྫོང་བསྒྲུབས་རྒྱོ་གྲོང་རྡལ་ཡར་རྫ་གྲོང་ཚོའི་མཛེས་ལྗོངས་ཁུལ་དུ་ཡུལ་མི་འགའ་ངལ་གསོ་བཞིན་པ།
     ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ས་གནས་དེ་གའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་དེ་དབུལ་སྒྲོལ་འགག་སྒྲོལ་དང་། ཁོར་ཡུག་བཅོས་སྒྲིག གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ཆེད་གཉེར་གྲོང་ཚོ་བརྒྱ་དང་། ཡུལ་སྐོར་གྱི་བྱེད་ནུས་ལྡན་པའི་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་ཆིག་སྟོང་འཚོལ་ཞིབ་བྱས་ནས་བསྐྲུན་ཏེ། སྣོད་བཅུད་བྱེད་ནུས་ཀྱི་ངེས་གནས་དང་། རང་བྱུང་ཐོན་ཁུངས་ལེགས་ཤོས། མི་རིགས་ཀྱི་དམངས་སྲོལ་རིག་གནས་བཅས་ལ་དམིགས་ཏེ། ལས་རྣམ་མཉམ་འདྲེས་འདེགས་སྐྱོར་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་རྣམ་པ་གསར་པ་སྣ་ཚོགས་ཤིག་ཆགས་པར་བྱས་པ་མ་ཟད། ལྗང་མདོག་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཡོང་བར་རམ་འདེགས་དང་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།
འདི་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་རང་རྒོད་གྲོང་ཚོའི་ཨ་མྱེས་གོང་སྔོན་སྦྲ་གུར་མགྲོན་ཁང་གི་རྩྭ་ཐང་ལ་བོད་རིགས་འཁྲབ་སྟོན་པ་འགས་ཞབས་བྲོ་འཁྲབ་བཞིན་པ།
འདི་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་རང་རྒོད་གྲོང་ཚོའི་ཨ་མྱེས་གོང་སྔོན་སྦྲ་གུར་མགྲོན་ཁང་གི་རྩྭ་ཐང་ལ་བོད་རིགས་འཁྲབ་སྟོན་པ་འགས་ཞབས་བྲོ་འཁྲབ་བཞིན་པ།