འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་4ཉིན།

༄༅༎ཕོ་བྲང་པོ་ཏ་ལའི་གཟིམ་སྒོ་སླར་ཡང་ཕྱེ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་04ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཕོ་བྲང་པོ་ཏ་ལའི་གཟིམ་སྒོ་སླར་ཡང་ཕྱེ་བ།
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྒྱལ་ནང་གི་རིམས་ནད་དུས་བབ་ཇེ་ལེགས་སུ་ཕྱིན་པ་དང་སྦྲགས། བོད་ཀྱི་གྲོང་མིའི་འཚོ་བ་རྒྱུན་གཏན་ལྟར་དུ་གྱུར་པས། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ཏན་ཏིག་བྱེད་པའི་སྔོན་འགྲོའི་འོག 2020ལོའི་ཟླ་6པའི་ཚེས་3ནས་བཟུང་སྤ་སེ་མངགས་ཉོ་དང་། དུས་ཚོད་དབྱེ་བ། མི་གྲངས་ཚོད་འཛིན་བཅས་བྱས་ཏེ་སྔ་དྲོའི་ཆུ་ཚོད་དགུ་པ་ནས་ཕྱི་དྲོའི་ཆུ་ཚོད་བཞི་པ་བར་ཕོ་བྲང་པོ་ཏ་ལའི་གཟིམ་སྒོ་སླར་ཡང་ཕྱེ་བ་རེད། (ཉིན་དགུང་ཆུ་ཚོད་གསུམ་པ་ནས་འཛུལ་མི་ཆོག)