འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་3ཉིན།

༄༅༎ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཕེ་རུའི་རིམས་འགོག་གི་
འཐབ་ས་དང་པོའི་སྨན་ཁང་དུ་ལྟ་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་03ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་5ཚེས་29ཉིན་ཕེ་རུའི་རྒྱལ་ས་ལི་མའི་པི་ལི་ཡ·ཨེར་སར་ཝ་ཏོ་སྨན་ཁང་དུ་ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་དང་སྨན་ཁང་གི་ལས་དོན་མི་སྣའི་དབར་ཏོག་གསར་གློ་ཚད་རིམས་ནད་སྨན་བཅོས་ཀྱི་བརྒྱུད་རིམ་ཇུས་གཞིར་གྲོས་བསྡུར་བྱས་པ་རེད། ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་ད་དུང་སྨན་ཁང་ལ་འགོག་སྲུང་དངོས་རྫས་ཁག་གཅིག་ཞལ་འདེབས་ཕུལ་བ་རེད།