འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་1ཉིན།

༄༅༎བོད་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པའི་བདེ་སྲུང་ནུས་པ་ཆེ་རུ་བཏང་ནས་རིག་དངོས་གནའ་ཤུལ་
སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་01ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ལྷ་ས་གྲོང་ཁྱེར་གྱི་ར་མོ་ཆེ་གཙུག་ལག་ཁང་གི་རྒྱ་ཕིབས་ཀྱི་ཟུར་ཞིག་ཡིན་པ།
འདི་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ལྷ་ས་གྲོང་ཁྱེར་གྱི་ར་མོ་ཆེ་གཙུག་ལག་ཁང་གི་རྒྱ་ཕིབས་ཀྱི་ཟུར་ཞིག་ཡིན་པ།
     ▶ 2019ལོར་བོད་ཀྱིས་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལས་གྲྭའི་རྣམ་གྲངས་110ཙམ་ལག་ལེན་བསྟར་བ་དང་2019ལོར་བོད་ཀྱི་རིམ་ཁག་ནོར་སྲིད་དང་ར་མོ་ཆེ་གཙུག་ལག་ཁང་གི་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་ཁྱོན་མ་དངུལ་སྒོར་ཁྲི་1700ལྷག་ཙམ་བཏང་ནས་ར་མོ་ཆེ་གཙུག་ལག་ཁང་གི་རྒྱ་ཕིབས་ཀྱི་མདའ་གཡབ་དང་། གོང་ལ། གསེར་ཟངས་ཀྱི་ཡོ་ཆས་ལ་གསེར་ཆུ་གཏོང་བ་སོགས་ཞོར་གཏོགས་རིག་དངོས་ཉམས་གསོའི་ལས་གྲྭ་བཙུགས་ཡོད།
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཅུས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། 2019ལོར་བོད་ཀྱིས་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལས་གྲྭའི་རྣམ་གྲངས་110ཙམ་ལག་ལེན་བསྟར་བས་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་གཅིག་གི་བདེ་སྲུང་ནུས་པ་སྔར་བས་ཆེ་རུ་སོང་སྟེ་རིག་དངོས་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་དེ་བས་ཡག་པོ་བྱུང་ཡོད་པ་རེད།
     ཉེ་ཆར་གསར་འགོད་པས་ཉམས་བཟོ་ཆེ་མོ་བས་ལྷ་ས་གྲོང་ཁྱེར་གྱི་ར་མོ་ཆེ་གཙུག་ལག་ཁང་གི་ནང་སྐོར་གྱི་ལྡེབས་རིས་ཉམས་བཟོ་བྱེད་བཞིན་པ་མཐོང་བྱུང་། ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་བོད་ཀྱི་རིམ་ཁག་ནོར་སྲིད་དང་ར་མོ་ཆེ་གཙུག་ལག་ཁང་གི་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་ཁྱོན་མ་དངུལ་སྒོར་ཁྲི་1700ལྷག་ཙམ་བཏང་ནས་ར་མོ་ཆེ་གཙུག་ལག་ཁང་གི་རྒྱ་ཕིབས་ཀྱི་མདའ་གཡབ་དང་། གོང་ལ། གསེར་ཟངས་ཀྱི་ཡོ་ཆས་ལ་གསེར་ཆུ་གཏོང་བ་སོགས་ཞོར་གཏོགས་རིག་དངོས་ཉམས་གསོའི་ལས་གྲྭ་ལག་ལེན་བསྟར་འགོ་བཙུགས་ཡོད།
     “མདའ་གཡབ་སོགས་ཀྱི་རིག་དངོས་ཉམས་གསོའི་ལས་གྲྭ་དེ་སྤྱིར་ན་ལེགས་གྲུབ་ཟིན་ནས་ད་ཆ་ཐོག་སོ་དང་པོའི་ཁྱམས་རའི་སྨི་ངོས་གྲུ་300ལྷག་ཟིན་པའི་ལྡེབས་རིས་ཉམས་བཟོ་བྱེད་བཞིན་ཡོད། ལས་གྲྭ་དེ་ཟླ་བཞི་པའི་ཟླ་སྟོད་ནས་འགོ་བརྩམས་པ་དང་གཙོ་བོ་ཞིག་རལ་སོང་བ་དང་མིས་གཏོར་སྐྱོན་བཏང་བ་སོགས་ཀྱི་དབང་གིས་ལྡེབས་རིས་གོག་ལྤགས་བརྒྱབ་པ་དང་བརྡིབས་པ་སོགས་ལ་ཉམས་གསོ་དང་སྦྲགས་ལྡེབས་རིས་མིན་པའི་ཚོན་རྩི་སོགས་ནག་ནོག་ཆགས་པ་གཙང་མ་བཟོ་བཞིན་ཡོད”ཅེས་འབྲེལ་ཡོད་ལས་དོན་པས་དེ་ལྟར་བརྗོད།
     ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལྡེབས་རིས་ཉམས་གསོའི་ལས་གྲྭར་ཁྱོན་མ་དངུལ་སྒོར་ཁྲི་600བཏང་བ་དང་ལས་གྲྭ་ཧྲིལ་པོ་ལེགས་འགྲུབ་ཡོང་བར་ལོ་གཅིག་ཙམ་འགོར་བཟོ་ཡོད་པ་རེད།
     བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལིའུ་ཧྲི་ཀྲུང་གིས་2019ལོར་བོད་ཀྱིས་རྒྱལ་ཁབ་ཀྱི་ནོར་སྲིད་ཁག་ནས་མ་དངུལ་སྒོར་དུང་ཕྱུར་4ཙམ་བཏང་སྟེ་ཕོ་བྲང་པོ་ཏ་ལའི་གནའ་དཔེ་ཚད་ལྡན་ཡིག་ཚགས་སྲུང་སྐྱོབ་བེད་སྤྱོད་དང་། ཕུག་ཡངས་དུང་དཀར་རྗེས་ཤུལ་སྲུང་སྐྱོང་། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་གྲངས་གཞི་ཅན་སྲུང་སྐྱོབ་དང་འགྲེམས་སྟོན། གཙོ་གནད་རིག་དངོས་ཚན་པ་ཁག་གཅིག་གི་བདེ་སྲུང་མེ་ཟོན་སྒྲིག་ཆས་འཛུགས་སྐྲུན་སོགས་ལས་གྲྭའི་རྣམ་གྲངས་110ཙམ་ལག་ལེན་བསྟར་ཡོད། ད་བར་བོད་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རིག་དངོས་བདེ་འཇགས་སྲུང་སྐྱོབ་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་4ལྷག་བཏང་ནས་བདེ་འཇགས་སྲུང་སྐྱོབ་ལས་གྲྭ་21ལེགས་སྒྲུབ་བྱས་པ་དང་རིག་དངོས་བདེ་འཇགས་སྲུང་སྐྱོབ་རྣམ་གྲངས་16ལག་ལེན་བསྟར་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།