འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་28ཉིན།

༄༅།།གསར་གཏོད་ཀྱིས་དུས་རབས་ཀྱི་རྣམ་པ་གསར་པ་བཏོད་པ།

—— རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མ་ཤིན་ཆང་ལ་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་28ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྭ་ཀུང་ཚན་རྩལ་ཐོན་ལས་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་མ་ཤིན་ཆང་གིས་ཚོགས་ཆེན་ལ་གྲ་སྒྲིག་གནང་བའི་གྲོས་འགོར“གསར་གཏོད”ཀྱི་སྐོར་ཡང་ཡང་གླེང་གནང་ཡོད།
   ཁེ་ལས་ཀྱི“དེད་དཔོན”ཞིག་གི་ངོས་ནས་ཁོང་གིས་གསར་གཏོད་ལ་ཐོག་མཐའ་བར་གསུམ་དུ་སྐུལ་འདེད་གཏོང་གི་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་ཁོང་གིས་ཇི་ལྟར་བྱས་ཏེ་གསར་གཏོད་ཀྱི་རྣམ་པ་སྔར་བས་གཏོད་པ་དང་། གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བཅས་ཇི་ལྟར་བྱེད་པའི་ཐད་ཐོག་མཐའ་བར་གསུམ་དུ་བསམ་གཞིག་གནང་གི་ཡོད།
    རིམས་ནད་ཐོན་རིང་ཧྭ་ཀུང་ཚན་རྩལ་སྐུལ་འོད་རིག་ནུས་སྒྲིག་ཆས་ཀྱི་རྩེར་སོན་ཐོན་རྫས་ཚད་གསུམ་འཁོར་མདའ་ལྔའི་སྐུལ་འོད་སོག་ལེ་བྲིན་ཁ་རྒྱུག་པའི་ཐོན་རྫས་ཤིག་ལ་གྱུར་ཡོད། ཟླ་དང་པོ་ནས་བཞི་པའི་བར་ཐོན་རྫས་ཀྱི་མངགས་ཐོ་སྒོར་ཁྲི་སྟོང་ཕྲག་ཟིན་པ་དང་ཁེ་ལས་གཅིག་གིས་དམིགས་བསལ་གྱི་ནུས་པ་ལྡན་པའི་མྱུར་སྐྱོབ་རླངས་འཁོར་གྱི་ཐོན་སྐྱེད་ལ་སྤྱད་པ་མ་ཟད། ཚོང་ཤག་གིས་དེ་གོང་གི་ནང་འདྲེན་སྒྲིག་ཆས་ཉོ་མཚམས་བཞག་ནས་ཐོན་རྫས་དེ་ཉོ་འགོ་ཚུགས་ཡོད། “སྒྲིག་ཆས་དེར་སྤྱད་པའི་སྐུལ་འོད་ཡོ་ཆས་དང་དེ་བཞིན་སོག་ལེ་ཚང་མ་རང་རྟེན་ཞིབ་བཟོ་བྱས་པ་ཤ་སྟག་རེད། སོག་ལེ་ཁོ་ནས་ཚོང་ཤག་ལ་མ་དངུལ་སྒོར་ཁྲི་སྟོང་ལ་ཉེ་བ་གྲོན་ཆུང་ཐུབ་ཡོད”
    གོ་ལ་ཧྲིལ་པོའི་འོད་གློག་ངོས་ལེབ་ཐོན་རྫས་ཀྱི་མཁོ་སྤྲོད་ཚོང་པ་གཙོ་བོ་ཧྭ་ཀུང་ཚན་རྩལ་ཀུང་སིའི་ཁོངས་གཏོགས་ཀྱི་ཁེ་ལས་ཧྭ་ཀུང་ཁུངས་དག་གིས་ཟླ་1ཚེས་28ཉིན་རིམས་འགོག་དང་ལས་འགོ་བསྐྱར་འཛུགས་གཉིས་ཀར་དམ་འཛིན་བྱེད་པའི་གྲ་སྒྲིག་ལས་དོན་སྤེལ་འགོ་ཚུགས་པ་མ་ཟད། མདུན་སྣེའི་མཁོ་འདོན་ཚོང་པ་100ལྷག་ཙམ་གྱི་སྣེ་ཁྲིད་དེ་མཁོ་འདོན་འགན་ལེན་བྱས་པ་རེད།