འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་27ཉིན།

༄༅།།ཨུ་ཡོན་ཉི་མ་བཀྲ་ཤིས་ཀྱིས་གསུངས་དོན། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་པོའི་
ངང་མཐོ་རུ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་27ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། ཨུ་ཡོན་ཉི་མ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གཏམ་བཤད་སྤེལ་སྐབས། རྒྱལ་ཁབ་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུར་རམ་འདེགས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་ཡོད།
     ཉི་མ་བཀྲ་ཤིས་ཀྱིས་2019ལོའི་ལོ་མཇུག་ཏུ་བོད་ཀྱི་མི་འབོར་དབུལ་པོ་ཁྲི་62.8ཡོངས་རྫོཌ་དབུལ་སྒྲོལ་ཐུབ་པ་དང་རྫོང(ཆུས)དབུལ་པོ་74ཡོངས་རྫོགས་དབུལ་ཞྭ་ཕུད་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་དུས་ཐུང་ལོ་ངོ་དྲུག་ཅུའི་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་མཇུག་འགྲིལ་བ་མ་ཟད། ད་ཆ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་བསྐྱོད་ནས་བོད་རིགས་བུ་ཕྲུག་ཚོའི་ལོ་ངོ་སྟོང་གི་ཕུགས་འདུན་མངོན་འགྱུར་བྱུང་བ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་གང་ལེགས་མངོན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བླ་ན་མེད་པའི་ཁྱད་འཕགས་རང་བཞིན་ཡང་གང་ལེགས་མངོན་ཡོད་ཅེས་གསུངས།