འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་27ཉིན།

༄༅།།“དབྱི་ཝུའུ་དང་། ཤིན་ཅང་། ཡོ་རོབ་བཅས”བར་གྱི་ཀྲུང་གོ་དང་ཡོ་རོབ་ཀྱི་སྦྲག་སྲིད་ཆེད་གཏོང་མེ་འཁོར་
ཤར་གཏོང་ཐུབ་ནས་ཟླ་བ་གཉིས་རིང་སྦྲག་སྐུར་ཏུན་200ལྷག་ཙམ་ཡོ་རོབ་དང་ཨེ་ཤེ་ཡར་བསྐྱལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་27ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་ཀྲེ་ཅང་དང་ཧྲང་ཧའེ་སོགས་ཞིང་ཆེན་དང་གྲོང་ཁྱེར་4ཡི་ཚད་ལྡན་གྱི་དོས་སྒམ་100དང་། ཏུན་343.15ཟིན་པའི་རྒྱལ་སྤྱིའི་སྦྲག་སྐུར་བླུགས་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཏེ། དབྱི་ཝུའུ་ནས་ཝིར་ནིའུ་སི་བར་གྱི་ཀྲུང་གོའི་སྦྲག་སྲིད་ཆེད་གཏོང་མེ་འཁོར་དེ་དབྱི་ཝུའུ་ཡི་ལྕགས་ལམ་འགག་སྒོ་ལས་ཁུངས་ཀྱི་ལྟ་འདོམས་བྱ་ཡུལ་ནས་ཐོན་པ་རེད། དེ་ནི་ཧང་ཀྲོའུ་འགག་སྒོ་ལས་ཁུངས་ཀྱིས་སྦྲག་སྐུར་ཕྱིར་གཏོང་བྱེད་པའི་ཐད“ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་དངོས་ཟོག་བསྡུས་དབོར་འདྲེན”བྱེད་སྟངས་ལག་ལེན་བསྟར་ཚུན་གྱི་སྦྲག་སྲིད་ཆེད་གཏོང་མེ་འཁོར་གཏོང་ཐེངས་དྲུག་པ་དེ་ཡིན་པ་རེད།
    ཟླ་5ཚེས་25ཉིན་བར་སྦྲག་སྐུར་ཏུན་2118.93ཡོད་པ་དེ་དག་ཀྲུང་གོ་སྦྲག་སྲིད་རྒྱལ་སྤྱིའི་སྦྲག་སྐུར་སྐྱེལ་འདྲེན་ལམ་ཐིག་གཉིས་བརྒྱུད་སྐྱེལ་འདྲེན་བྱ་ཡུལ་རྒྱལ་ཁབ་ཏུ་བསྐྱལ་རྗེས། སི་ཕེན་དང་། ཏེན་མག སུའེ་ཙེར། ཧྥ་རན་སེ་སོགས་ཡོ་རོབ་ཀྱི་རྒྱལ་ཁབ་36ལ་བགོ་ཡི་ཡོད་པ་རེད།