འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་25ཉིན།

༄༅༎ཝང་དབྱིས་བསྟན་དོན། ཀྲུང་གོར་མིང་ཆད་ངན་པ་བཟོ་བའི་ཆབ་སྲིད་ཀྱི་ནད་དུག་ཨ་རིར་ཁྱབ་བཞིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་25ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱིས་ཚེས་24ཉིན་ཚོགས་འདུ་གཉིས་ཀྱི་གསར་འགོད་པའི་ཚོགས་འདུའི་ཐོག བློ་ཕམ་དགོས་པ་ཞིག་ནི་ཏོག་གསར་ནད་དུག་ཕུད་ད་དུང་ཆབ་སྲིད་ཀྱི་ནད་དུག་ཅིག་ཨ་རིར་ཁྱབ་བཞིན་ཡོད། ཆབ་སྲིད་ཀྱི་ནད་དུག་དེ་རིགས་ནི་གོ་སྐབས་ཡོད་ཚད་བེད་སྤྱད་ནས་ཀྲུང་གོར་མི་ཆད་ངན་པ་བཟོ་རྒྱུ་དེ་རེད། སྲིད་ཚོང་བ་ཁ་ཤས་ཀྱིས་ཆེས་གཞི་རྩའི་དོན་དངོས་སྣང་མེད་དུ་བཏང་སྟེ། ཀྲུང་གོར་དམིགས་པའི་རྫུན་གཏམ་མང་པོ་ཞིག་བཟོས་ཡོད་ལ། ལྐོག་གཡོ་མང་པོ་ཞིག་ཇུས་འགོད་ཀྱང་བྱས་ཡོད། ཉེ་ཆར། མི་རྣམས་ཀྱིས་རྫུན་གཏམ་དེ་དག་དེབ་བཟོས་ནས་དྲ་བའི་ཐོག་ཡོངས་བསྒྲགས་བྱས་ཡོད་ལ། གལ་ཏེ་ད་དུང་རྫུན་གཏམ་གསར་བ་ཡོད་ན་ཟིན་བྲིས་འདི་ད་དུང་རྒྱུན་མཐུད་བྱ་རྒྱུ་ཡིན། རྫུན་གཏམ་གྱི་ཟིན་ཐོ་འདི་ཇི་ཙམ་རིང་ན་དཀྲོག་གཏམ་བཟོ་མཁན་གྱི་ཀུན་སྤྱོད་ཚད་གཞི་དེ་ཙམ་གྱིས་དམའ་རུ་འགྲོ་སྲིད་ལ། ལོ་རྒྱུས་ཐོག་དེ་བས་མང་བའི་ནག་ཐིག་འཇོག་སྲིད་ཅེས་བརྗོད་པ་རེད།