འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་25ཉིན།

༄༅༎གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་2020ལོའི་ལོ་མཇུག་གོང་དངོས་སུ་འཛུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་25ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས་20ཉིན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འདི་ལོའི་ལོ་མཇུག་གོང་དུ་དངོས་སུ་བཙུགས་ནས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་དང་པོར་འགྱུར་རྒྱུ་ཡིན་པ་རེད།
     གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་ཅུས་ཀྲང་ཧེ་དབན་ཁྲེང་གིས་འདི་ལོའི་ཟླ་5ཚེས་9ཉིན་མཚོ་སྔོན་ཞིང་ཆེན་གྱིས《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཇུས་གཞི》བཀྲམ་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ལ་གཞིགས་ཏེ། སྤྱི་གླིང་དངོས་སུ་འཛུགས་པའི་དུས་གོང་ལས་དོན་ཁག་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་བཀོད་སྒྲིག་ཞིབ་ཚགས་བྱས་པ་དེ་ཡང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད།