འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་25ཉིན།

༄༅༎རང་རྒྱལ་གྱིས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལོ་གསུམ་བྱ་སྤྱོད་ལག་ལེན་བསྟར་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་25ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་ཞིབ་ལ་འབུལ་རྒྱུའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས་པ་བཏོན་ཡོད་པ་དང་། སྙན་སྒྲོན་ནང་དུས་མཚུངས་སུ་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལོ་གསུམ་བྱ་སྤྱོད་ལག་བསྟར་བྱེད་དགོས་པ་ཁ་གསལ་བཏོན་པ་རེད།
     ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་གཞུང་ཁོངས་ཁེ་ལས་སྒོ་དབྱེ་བྱེད་རིང་ཟམ་མི་ཆད་པར་འཕེལ་རྒྱས་དང་སྒྱུར་བཅོས་བྱེད་རིང་སྟོབས་ཆེར་ཕྱིན་ཏེ་རྒྱལ་དམངས་དཔལ་འབྱོར་གྱི“བརྟན་ལྷིང་ཡོ་ཆས”དང“གྲུ་གནོན་རྡོ”ཡི་ནུས་པ་ནུས་ལྡན་བཏོན་ཡོད་པ་རེད། མིག་སྔར་གོ་ལ་ཧྲིལ་པོར་རིམས་ནད་དང་དཔལ་འབྱོར་ཚོང་དོན་གྱི་དུས་བབ་གཏན་འཁེལ་མ་ཡིན་པའི་རང་བཞིན་ཆེ་བ་དང་། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འགག་སྒྲོལ་གྱི་ལས་འགན་དེ་བས་ལྕི་ལ། དུས་བབ་རྙོག་འཛིང་དེ་བས་ཆེ་བ་ཡོད་པ་རེད།
     “དཀའ་ངལ་དང་འགྲན་སློང་ཇི་ཙམ་ཆེ་ཚེ་དེ་ཙམ་གྱིས་སྒྱུར་བཅོས་གཏིང་ཟབ་བྱེད་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲན་ཏུང་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཝེ་གོ་ཡི་ངོས་འཛིན་ལྟར་ན། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་རྒྱུ་ནི་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་ལེགས་པོས་འཕེལ་རྒྱས་གཏོང་བར་དོན་སྙིང་ཆེན་པོ་ལྡན་ཡོད་པ་དང་། ཁོང་གིས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལོ་གསུམ་བྱ་སྤྱོད་ཀྱིས་གཞུང་ཁོངས་ཁེ་ལས་ཀྱི་གསོན་ཤུགས་འཕེལ་བ་དང་གཉེར་སྐྱོང་གི་ལས་ཕྱོད་ཆེ་རུ་གཏོང་བའི་སྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་སླད་ཕྱིན་གྱི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་མཛུབ་ཁྲིད་བྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་གནང་བ་རེད།
     སྙན་སྒྲོན་ནང་གཞུང་ཁོངས་རྒྱུ་ནོར་གྱི་ལྟ་འདོམས་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དབང་བའི་ལམ་ལུགས་མཉམ་བསྲེས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་པ་བཏོན་པ་རེད།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཞུས་པའོ་ལི་ཡིས་གཞུང་ཁོངས་ཁེ་ལས་ཀྱི་མཉམ་བསྲེས་སྒྱུར་བཅོས་ལ་སྐུལ་འདེད་འོས་འཚམ་ཧུར་ཐག་བཏང་ནས་སླད་ཕྱིན་མཉམ་བསྲེས་སྒྱུར་བཅོས་རྗེས་ཀྱི་ཁེ་ལས་ལམ་སྲོལ་སྒྱུར་བའི་གནད་དོན་ལ་སྔར་བས་དོ་ཁུར་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
     “མཉམ་བསྲེས་སྒྱུར་བཅོས་ནི་དམིགས་ཡུལ་མིན་པར་ཁེ་ལས་ཀྱི་གཉེར་སྐྱོང་ལམ་སྲོལ་སྒྱུར་བ་དང་ཁེ་ལས་གཉེར་སྐྱོང་གི་ལས་ཕྱོད་ཆེ་རུ་གཏོང་བ་ནི་སྒྱུར་བཅོས་ཀྱི་དམིགས་ཡུལ་རེད”དེ་དང་དུས་མཚུངས་ཁོང་གིས་གཞུང་ཁོངས་ཁེ་ལས་མཉམ་བསྲེས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་འབྲེལ་བབ་བསྟུན་ནུས་ཆེའི་ལྟ་འདོམས་ལམ་ལུགས་འཚོལ་ཞིབ་དང་ལག་བསྟར་བྱེད་པ་ནི་གཞུང་ཁོངས་རྒྱུ་ནོར་གྱི་ལྟ་འདོམས་ལམ་སྲོལ་སྒྱུར་བཅོས་བྱེད་རིང་གི་བརྗོད་བྱའི་དོན་སྙིང་ཡིན་པའི་ངོས་འཛིན་གནང་བ་རེད།
     ཁེ་ལས་ཀྱི་སྤྱི་ཚོགས་ཀྱི་ཁུར་པོ་ལྕི་བའི་གནད་དོན་གྱི་གཞུང་ཁོངས་ཁེ་ལས་ལ་ཐོག་མཐའ་བར་གསུམ་དུ་དཀའ་ངལ་བཟོ་གི་ཡོད་པ་རེད། སྙན་སྒྲོན་ལ་གཞིགས་ན་འདི་ལོར་གཞི་རྩའི་ཆ་ནས་སྤྱི་ཚོགས་ཀྱི་འགན་ནུས་སྒྲུབ་པ་དང་ལོ་རྒྱུས་ཀྱི་འཕྲོ་ལུས་གནད་དོན་ཐག་གཅོད་ཐུབ་སྲིད། ལས་རིགས་ནང་ཁུལ་གྱི་མི་སྣས་སྒྱུར་བཅོས་དེ་ནི་ཕྱོགས་ཡོངས་ནས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཀྱི་ལས་འགན་གལ་ཆེན་ཞིག་རེད་ལ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། གཞི་རྩའི་སྤྱི་པའི་ཞབས་འདེགས་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།