འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་25ཉིན།

༄༅༎ཧྲན་ཏུང་དུ་འདི་ལོ་སློབ་གྲྭ་འབྲིང་ཆུང་གི་སློབ་གནས་ཁྲི་50མང་དུ་གཏོང་མཁན་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་25ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གིས་སློབ་གྲྭ་འབྲིང་ཆུང་དཀྱུས་མའི“སློབ་མ་གྲངས་ཚད་ལས་བརྒལ་བའི་འཛིན་གྲྭའི”གནད་དོན་ཕྱོགས་ཡོངས་ནས་སེལ་བའི་ཐད་ལས་ཀའི་ཇུས་གཞི་བཟོས་ཏེ། 2020ལོའི་ལོ་མཇུག་བར་སློབ་གྲྭ་འབྲིང་ཆུང་གི་སློབ་གནས་ཁྲི་50མང་དུ་བཏང་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་56ཡན་ཟིན་པའི“སློབ་མ་གྲངས་ཚད་ལས་བརྒལ་བའི་འཛིན་གྲྭ”ཕྱོགས་ཡོངས་ནས་མེད་པ་བཟོ་རྒྱུ་ཡིན་ཞེས་བཏོན་པ་རེད།
     ལས་ཀའི་ཇུས་གཞི་དེ་གཞིར་བཟུང་། ཧྲན་ཏུང་ཞིང་ཆེན་གྱིས་འདི་ལོའི་ཟླ་བརྒྱད་པའི་ཟླ་མཇུག་གོང་བསྐྲུན་ཟིན་པའི་སློབ་ཆུང་136དང་། སློབ་འབྲིང(ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ་ཚུད་པ)98 མཐོ་རིམ་སློབ་འབྲིང་28བཅས་ལ་ཇུས་གཞི་འདི་སྤྱོད་པར་སྐུལ་འདེད་བཏང་ནས་སློབ་གནས་ཁྲི་33མང་དུ་གཏོང་རྒྱུ་དང་། འདི་ལོ་འཛུགས་སྐྲུན་བྱེད་བཞིན་པའི་སློབ་གྲྭ་འབྲིང་ཆུང་གསར་སྐྲུན་གྱི་རྣམ་གྲངས་129དང་སློབ་གྲྭ་འབྲིང་ཆུང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་རྣམ་གྲངས་189ཡི་ས་ཆ་སྔོན་ལ་འགན་ལེན་བྱས་ཏེ་ཟླ་བརྒྱད་པའི་ཟླ་མཇུག་གོང་སློབ་གནས་ཁྲི་17མཁོ་འདོན་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།
     ཧྲན་ཏུང་ཞིང་ཆེན་གྱིས་སློབ་གྲྭའི་ནང་ཁུལ་གྱི་སྒྲིག་ཆས་ཆ་ཚང་དང་སློབ་ཁྲིད་སྒྲིག་བཀོད་སྒྲིག་ཆས་མགྱོགས་མྱུར་སྒྲིག་སྦྱོར་བྱས་ཏེ་རྫོང་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱི་དགེ་རྒན་ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་དགེ་རྒན་བསྡུ་བ་དང་རྒན་ཡོལ་ཞུས་པའི་ཕུལ་བྱུང་གི་དགེ་རྒན་ཡང་བསྐྱར་གདན་འདྲེན་པ་སོགས་བརྒྱུད་དེ་སློབ་ཁྲིད་ཀྱི་འཐབ་ས་མདུན་མ་འཐུས་སྒོ་ཚང་དུ་གཏོང་དགོས། མཐོ་རིམ་སློབ་གླིང་གིས་དགེ་འོས་ཆེད་ལས་སློབ་མ་སློབ་གྲྭ་འབྲིང་ཆུང་དུ་དངོས་སྦྱོང་དང་སློབ་སྐྱོར་བྱེད་པར་གཏོང་བ་དང“སློབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”ལ་ཞུགས་རྒྱུར་ལྕག་སྐུལ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་གསར་དུ་བསྐྲུན་པའི་སློབ་གྲྭ་དུས་ཐོག་ཏུ་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བཏོན་པ་རེད།