འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་24ཉིན།

༄༅༎2019ལོར་རྒྱལ་ཡོངས་སུ་སློབ་མ་མི་ཐེངས་དུང་ཕྱུར་1.06ཙམ་ལ་རོགས་དངུལ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་24ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་21ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། 2019ལོར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། འབྲིང་རིམ་ལས་རིགས་སློབ་གྲྭ མཐོ་འབྲིང་དཀྱུས་མ། མཐོ་སློབ་དཀྱུས་མ་བཅས་ཀྱི་སློབ་མ(བྱིས་པ)མི་ཐེངས་ཁྲི་10590.79ལ་རོགས་དངུལ(འོས་འགན་སློབ་གསོའི་སློབ་གྲོན་ཙག་ཙིག་རྩ་ཆག་བཏང་བ་དང་། རིན་མེད་སློབ་དེབ། འཚོ་བཅུད་ཁ་སྣོན་དངུལ་བཅས་ཚུད་མེད་པ)སྤྲད་དེ་8.05%འཕར་བ་དང་། རིམ་རྩིས་བྱས་ན་ཁྱོན་རོགས་དངུལ་སྒོར་དུང་ཕྱུར་2126ཟིན་ནས་4.07%འཕར་ཏེ། སློབ་མའི་རོགས་དངུལ་ལོ་13བསྟུད་མར་མགྱོགས་མྱུར་འཕར་ཡོད་པ་རེད།
     དེ་དག་ལས། སློབ་ཞུགས་གོང་གི་བྱིས་པ་མི་ཐེངས་ཁྲི་914.41ལ་རོགས་དངུལ་སྒོར་དུང་ཕྱུར་116.26སྤྲད་པ་དང་། འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་མི་ཐེངས་ཁྲི་2025.70ལ་རོགས་དངུལ་སྒོར་དུང་ཕྱུར་202.84སྤྲད་པ། འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་མི་ཐེངས་ཁྲི་1592.86ལ་རོགས་དངུལ་སྒོར་དུང་ཕྱུར་305སྤྲད་པ། མཐོ་འབྲིང་དཀྱུས་མའི་སློབ་མ་མི་ཐེངས་ཁྲི་1240.23ལ་རོགས་དངུལ་སྒོར་དུང་ཕྱུར་185.01སྤྲད་པ། མཐོ་སློབ་དཀྱུས་མའི་སློབ་མ་མི་ཐེངས་ཁྲི་4817.59ལ་རོགས་དངུལ་སྒོར་དུང་ཕྱུར་1316.89སྤྲད་པ་རེད།
     གཞན་ཡང་། 2019ལོར། སློབ་མ་མི་ཐེངས་ཁྲི་4060.82ལ་འཚོ་བཅུད་ཁ་སྣོན་དངུལ་སྒོར་དུང་ཕྱུར་290.28སྤྲད་ཡོད་པ་རེད།