འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་24ཉིན།

༄༅༎རང་རྒྱལ་གྱི་གསར་གཏོད་སྟོན་གྲངས་འཛམ་གླིང་གི་ཨང་14པར་སླེབས་པ་དང་གསར་གཏོད་རྣམ་པའི་
རྒྱལ་ཁབ་བསྐྲུན་པར་འཕེལ་རིམ་གསར་པ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་24ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2019ལོའི་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་གཏོང་སྒོ་སྒོར་དུང་ཕྱུར་2.17ཟིན་ནས་GDPཡི་བསྡུར་ཚད་2.19%བཟུང་བ་དང་། ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་འབུལ་ཚད་59.5%ཟིན་པ་ལ་སོགས་ཡིན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཟླ་5ཚེས་19ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཚན་རྩལ་པུའི་པུའུ་ཀྲང་ཝང་ཀྲི་ཀང་གིས་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ལས་དོན་གྱི་འཕེལ་རིམ་གསར་ཤོས་ངོ་སྤྲོད་བྱས་པ་རེད།
     ཝང་ཀྲི་ཀང་གིས་འདས་ཟིན་པའི་ལོ་གཅིག་ནང་རྒྱལ་ཡོངས་ཚན་རྩལ་ལས་རིགས་ཀྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་ཞིབ་འཇུག་གསར་སྤེལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་བྱེད་མགྱོགས་སུ་བཏང་བས་སྟོན་རྟགས་གཙོ་བོ་བརྟན་པོའི་ངང་རིམ་འཕར་བྱུང་བ་དང་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་ཚོད་སྐོར་ནང་རང་རྒྱལ་གྱི་གསར་གཏོད་སྟོན་གྲངས་འཛམ་གླིང་གི་ཨང་14པར་སླེབས་ནས་གསར་གཏོད་ཀྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་ཆེས་ཆེར་ཕྱིན་པ་དང་གསར་གཏོད་རྣམ་པའི་རྒྱལ་ཁབ་བསྐྲུན་པར་འཕེལ་རིམ་གསར་པ་བྱུང་ཡོད་པ་མཚོན་ཡོད་ཅེས་བརྗོད་པ་རེད།