འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་24ཉིན།

༄༅༎ཀྲེ་ཅང་ཧུའུ་ཀྲོའུ་རུ་སློབ་ཆུང་སློབ་མས་ཚོགས་འདུ་གཉིས་ཀྱི་ཤེས་བྱ་སྦྱོང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་24ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཀྲེ་ཅང་ཧུའུ་ཀྲོའུ་རུ་སློབ་ཆུང་སློབ་མས་ཚོགས་འདུ་གཉིས་ཀྱི་ཤེས་བྱ་སྦྱོང་བ།
     ཉེ་ཆར། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཏེ་ཆིང་རྫོང་ཆན་ཡོན་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱིས“ཚོགས་འདུ་གཉིས་ཀྱི་ཤེས་བྱ་སློབ་གྲྭར་ཁྱབ་གདལ་གཏོང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ནས་རྫོང་དང་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པའི་དགེ་རྒན་འགའ་སྒྲིག་འཛུགས་བྱས་ཏེ། སློབ་གྲྭ་ཁག་ཏུ་སློབ་ཕྲུག་ཚོར་ཚོགས་འདུ་གཉིས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས་སློབ་ཕྲུག་གི་རྒྱལ་གཅེས་བརྩེ་སེམས་དང་བདག་པོའི་འདུ་ཤེས་སྐྱེད་སྲིང་བྱས་ཏེ། ཁོང་ཚོའི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ཞིང་། འདི་ནི་ཏེ་ཆིང་རྫོང་ཆན་ཡོན་གྲོང་རྡལ་ཆིང་ཤིས་སློབ་ཆུང་གི་སློབ་ཁང་605རུ་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པའི་རྒྱ་ཡིག་དགེ་རྒན་ཆིས་ཤིན་ཧྭས་སློབ་ཕྲུག་ཚོར་ཚོགས་འདུ་གཉིས་ཀྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།