འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་22ཉིན།

༄༅།།བརྟག་ཞིབ་ཏན་ཏིག་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་22ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བརྟག་ཞིབ་ཏན་ཏིག་བྱེད་པ།
    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱལ་མཚན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིར་བདམས་ཚུན། ཁོང་གིས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་ཆེད་ཐབས་ཇུས་ཧུར་ཐག་བཏོན་པ་རེད། གཞི་རིམ་དུ་བརྟག་ཞིབ་གནང་རིང་། ཁོང་གིས་དོ་ཁུར་བྱེད་མང་ཤོས་ནི་སྨན་བཅོས་འཕྲོད་བསྟེན་ཁང་གི་མཁྲེགས་ཆས་སྒྲིག་བཀོད་དང་སྨན་དོན་མི་སྣའི་གྲུབ་ཚུལ་སོགས་ཀྱི་གནས་ཚུལ་ཡིན། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་རྒྱལ་མཚན་གྱིས“བོད་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ”སོགས་ལ་དམིགས་ཏེ་གྲོས་འགོ་འདོན་རྒྱུ་ཡིན་པ་རེད། འདི་ནི་རྒྱལ་མཚན(གཡས་ཀྱི་གཉིས་པ)ལྷ་ཡུལ་ཤང་སྟོད་པ་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་བརྟག་ཞིབ་བྱེད་བཞིན་པ།