འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་22ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོ་ཧྥེ་ཡིས་གསུངས་པར།“མོང་ཐའོ་ཡི་
སྙིང་སྟོབས”རྒྱུན་འཛིན་གྱིས་དུས་རབས་གསར་པའི་ཐོན་ལས་བཟོ་པ་བྱེད་རྒྱུ་ཡིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་22ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོ་ཧྥེ་ཡིས་གསུངས་པར།“མོང་ཐའོ་ཡི་
སྙིང་སྟོབས”རྒྱུན་འཛིན་གྱིས་དུས་རབས་གསར་པའི་ཐོན་ལས་བཟོ་པ་བྱེད་རྒྱུ་ཡིན།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོ་ཧྥེ་ནི་ཧྲའན་ཤིས་ཞིང་ཆེན་ཞན་དབྱང་འཁེལ་འཐག་ཚོགས་པ་ཚད་ཡོད་ཀུང་སིའི་ཡན་ལག་བཟོ་གྲྭ་དང་པོའི་འཁེལ་འཐག་བཟོ་པ་ཡིན་ཞིང་། 2005ལོར་ལས་ཀར་ཞུགས་པ་དང་ད་ཆ“ཀྲའོ་མོང་ཐའོ་ཚོགས་ཆུང”གི་ཙུའུ་ཀྲང་གི་འགན་འཁུར་མཁན་ཨང་བཅུ་གསུམ་པ་དེ་རེད།
    ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་རིང་ཧོ་ཧྥེ་ཡིས་ལས་བཟོའི་སྣེ་ཁྲིད་དེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་འཐབ་ས་དང་པོ་བརྟན་སྲུང་བྱས་ནས་ལས་དུས་དམ་འཛིན་གྱིས་ཐོན་སྐྱེད་ལས་འགན་ལེགས་སྒྲུབ་བྱས་ཤིང་། ཁོང་གིས་དུས་རབས་གསར་པར“མོང་ཐའོ་ཡི་སྙིང་སྟོབས”མུ་མཐུད་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་ནས་འཁེལ་འཐག་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད། འདི་ནི་ཟླ་5ཚེས་13ཉིན་ཧོ་ཧྥེ(གཡས)ཡིས་ལས་རོགས་དང་མཉམ་དུ་ཐོན་སྐྱེད་འཁོར་ཁང་དུ་ལས་སྒོའི་ཐད་གྲོས་བསྡུར་བྱེད་བཞིན་ཡོད་པ།