འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་22ཉིན།

༄༅།།མ་ལེ་ཞི་ཡར་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་དཔེ་7000ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་22ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅི་ལུང་ཕོ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་མ་ལེ་ཞི་ཡའི་འཕྲོད་བསྟེན་པུས་ཁྱབ་བསྒྲགས་བྱས་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། ཆུ་ཚོད་24ཡི་ནང་རྒྱལ་ཁབ་དེའི་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་དཔེ་31མང་དུ་སོང་སྟེ་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་7009ཟིན་པ་དང་། དྲག་སྐྱེད་བྱུང་བའི་ནད་དཔེ་60མང་དུ་སོང་སྟེ་རིམ་རྩིས་བྱས་ན་ནད་དཔེ་5706དྲག་སྐྱེད་བྱུང་བ། གྲོངས་པའི་ནད་དཔེ་མང་དུ་སོང་མེད་པ་དང་རིམ་རྩིས་བྱས་ན་གྲོངས་པའི་ནད་དཔེ་114ཟིན་ཡོད་པ་རེད།