འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་22ཉིན།

༄༅༎རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་དང་ཁེ་ལས་ཆ་སྙོམས་ལས་འགོ་ཚུགས་ཚད་དང་ལས་བཟོ་ལས་
གནས་སུ་ལོག་ཚད་99.1%དང་95.4%སོ་སོར་ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་22ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། བཟོ་འཕྲིན་པུའི་པུའུ་ཀྲང་མེའོ་ཝུའེ་ཡིས་ཚེས་20ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཉེ་ཆར་རང་རྒྱལ་གྱིས་ཐོན་ལས་འཁོར་སྦྲེལ་ཧྲིལ་པོའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་ཟླ་5ཚེས་18ཉིན་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་དང་ཁེ་ལས་ཆ་སྙོམས་ལས་འགོ་ཚུགས་ཚད་དང་ལས་བཟོ་ལས་གནས་སུ་ལོག་ཚད་99.1%དང་95.4%སོ་སོར་ཟིན་ནས་སྤྱིར་ན་རྒྱུན་གཏན་གྱི་ཆུ་ཚད་དུ་སླེབས་ཡོད་ཅེས་གསུངས་པ་རེད།
     མེའོ་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འབྲེལ་ཡོད་ལམ་སྲོལ་གྱི་འགོ་ཁྲིད་འོག་སྡེ་ཚན་བརྒལ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་འཁོར་སྦྲེལ་གྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་མཉམ་ལས་བྱེད་པའི་ཆེད་དོན་ཚན་ཁག་བཙུགས་ནས་སྡེ་ཚན་དང་ས་གནས་བརྒལ་བའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་པ་དང་། གཙོ་གནད་ལས་རིགས་ཀྱི་ཐོན་ལས་འཁོར་སྦྲེལ་འབྲེལ་མཐུད་ཀྱི་ལས་སྟེགས་བསྐྲུན་ནས་སྣེ་འདྲེན་ཁེ་ལས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ཁེ་ལས་ལ་རྒྱལ་སྤྱིའི་ཟོག་འགྲེམས་སྐྱེལ་འདྲེན་དང་མི་སྣ་རྒྱལ་མཚམས་ནས་འགྲོ་འོང་སོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཏེ། ཐོན་ལས་འཁོར་སྦྲེལ་གྱི་མཁོ་སྤྲོད་སྦྲེལ་ཐག་གི་འགག་གནད་ཤར་གཏོང་བྱེད་པ་དང་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བར་སྲུང་སྐྱོང་བྱས་པ་རེད། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་བཟོ་ལས་དཔལ་འབྱོར་གྱི་སྒྲིག་ལམ་དེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་མགྱོགས་མྱུར་སླར་གསོ་ཐུབ་ཡོད་པ་རེད།
     “སྤྱི་ཁོག་སྲིད་ཇུས་འདོན་ཤུགས་དང་དོན་འཁྱོལ་བྱེད་ཤུགས་དེ་བས་ཆེ་རུ་ཕྱིན་པ་དང་སྦྲགས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱུན་མཐུད་སྐུལ་འདེད་དང་ནང་མཁོ་རྒྱ་ཆེར་གཏོང་བའི་སྲིད་ཇུས་ཁག་གི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ནས་དུས་ཚིགས་གཉིས་པར་བཟོ་ལས་དཔལ་འབྱོར་མུ་མཐུད་འཕར་རེ་ཡོད”ཅེས་མེའོ་ཝུའེ་ཡིས་གསུངས།