འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་21ཉིན།

༄༅༎སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅིས་ཚོགས་འདུ་གཉིས་ཚུགས་ཁར་དྲ་གྲོགས་ལ་འཕྲིན་ཡིག་སྤྲིངས་ནས་ཚང་མས་སི་ཁྲོན་
ལ་“དངོས་གནས་དགའ་མཁན”ཡག་པོ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་21ཉིན། 11:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅིས་ཚོགས་འདུ་གཉིས་ཚུགས་ཁར་དྲ་གྲོགས་ལ་འཕྲིན་ཡིག་སྤྲིངས་ནས་ཚང་མས་སི་ཁྲོན་
ལ་“དངོས་གནས་དགའ་མཁན”ཡག་པོ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ།
     “ངས་བཏོན་པའི་གླ་ཕོགས་ཀྱི་གནད་དོན་ཉིན་6ནང་དོན་འཁྱོལ་བྱུང་སོང་། ལས་དོན་སྒྲུབ་པའི་ལས་ཆོད་འདི་ལྟར་མཐོ་བས། ཞིང་ཨུད་ཀྱི་ཧྲུའུ་ཅི་དང་འགོ་ཁྲིད་རིམ་པ་ཁག་གིས་ལས་མིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་དང་མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།”
     “རིམས་ནད་ཐོན་རིང་ངར་མཁོ་བའི་སྨན་རྫས་སྡེ་ཁུལ་དུ་སྐྱེལ་ཐབས་བྲལ་བ་དང་། ལན་འཕྲིན་འཇོག་རྗེས་ངས་ད་ལྟ་སྨན་རྫས་ཉོ་ཐུབ་ཀྱི་འདུག   དེའི་རྒྱབ་ཏུ་ཁོམ་པ་མེད་པར་ཕྱག་ལས་གནང་མཁན་འགོ་ཁྲིད་དང་ལས་དོན་མི་སྣར་ཐུགས་རྗེ་ཆེ་ཞུ་ཡིན་། མཛེས་སྡུག་ལྡན་པའི་སི་ཁྲོན་དེ་བས་ཡག་ཏུ་འགྲོ་བའི་རེ་བ་ཡོད།”
     “ངས་བཏོན་པའི་འཛེར་སྒྲའི་གནད་དོན་ཐག་གཅོད་བྱས་ཟིན་པས་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་འབྲེལ་ཡོད་སྡེ་ཚན་གྱིས་དམངས་ཆེད་དོན་དངོས་སྒྲུབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།”
     མི་དམངས་དྲ་བའི་འཕྲིན། 2019ལོ་ནས་བཟུང་། མི་དམངས་དྲ་བའི《འགོ་ཁྲིད་ཀྱི་ལན་འཕྲིན་འཇོག་པང》ཐོག་ཏུ་སི་ཁྲོན་གྱི་དྲ་གྲོགས་ཀྱིས་འཇོག་པའི་ལན་འཕྲིན་ཁྲི་3ཙམ་ཞིང་ཆེན་གྱིས་དོན་འཁྱོལ་དང་ཐག་གཅོད་བྱས་ཡོད། དེའི་རྒྱབ་ཏུ་སི་ཁྲོན་ཞིང་ཆེན་གྱི་དྲ་དམངས་ཀྱིས་འཇོག་པའི་ལན་འཕྲིན་སྒྲུབ་པའི་སྤྱོད་གོ་ཆོད་པའི་ལས་ཀའི་ལམ་སྲོལ་ཆ་ཚང་ཞིག་ཡོད་པ་དེ་རེད། ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་གྱིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་ལ་ཁྱབ་པའི་ལས་ཀའི་རྣམ་པ་བཙུགས་ནས་དྲ་གྲོགས་ཚོས་འཇོག་པའི་ལན་འཕྲིན་རིགས་དབྱེ་ཇུས་འདོན་བྱས་ཡོད་པ་སྟེ། མང་ཚོགས་ཀྱིས་བཏོན་པའི་དབུལ་སྒྲོལ་བྱུང་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་དང་། སློབ་ཞུགས་གོང་གི་སློབ་གསོ་སོགས་སེམས་ཁྲལ་བྱེད་པའི་གནད་དོན་ལ་དམིགས་ནས་དུས་བཀག་ནང་བསྒྲུབ་རྒྱུ་ཁ་གསལ་བཟོས་པ་དང་། མང་ཚོགས་ཀྱིས་བཏོན་པའི་ཁོར་ཡུག་སྦགས་བཙོག་དང་སྤྱི་ཚོགས་འགན་སྲུང་སོགས་སེམས་མི་སྐྱིད་བའི་གནད་དོན་ལ་དམིགས་ནས། ཁག་གཅིག་སེལ་རྒྱུར་དོ་སྣང་ཆེན་པོ་བྱས་པ་མ་ཟད་ཐུན་མོང་རང་བཞིན་ལྡན་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཡང་དོ་སྣང་ཆེན་པོ་བྱས་ཡོད་པ་རེད། མང་ཚོགས་ཀྱིས་བཏོན་པའི་ལས་མིའི་གླ་ཕོགས་དང་ཟོག་གོང་འཕར་བ་སོགས་ཀྱི་སེམས་ཁྲལ་བྱེད་པའི་གནད་དོན་ལ་དམིགས་ནས་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད།
     རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེར་ཡོད་པའི་སྐབས། སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་མི་དམངས་དྲ་བའི《འགོ་ཁྲིད་ཀྱི་ལན་འཕྲིན་འཇོག་པང》བརྒྱུད་དྲ་གྲོགས་ལ་འཕྲིན་ལན་སྤྲིངས་ནས་དྲ་གྲོགས་ཚོས་དོ་སྣང་དང་དོ་ཁུར་བྱེད་པའི་ཚོགས་འདུ་གཉིས་ཀྱི་ཀུན་གྱིས་དོ་སྣང་བྱེད་པའི་གནད་དོན་ལ་ལན་བསྐྱོན་པ་རེད།
     འཕྲིན་ལན་གྱི་ནང་དོན་ཆ་ཚང་གཤམ་གསལ།

                                                                                          མི་དམངས་དྲ་བའི་དྲ་གྲོགས་ལ་སྤྲིངས་པ།
མི་དམངས་དྲ་བའི་དྲ་གྲོགས་རྣམ་པ།
     འཕྲིན་ལན་མཐོང་དུས་ང་དངོས་སུ་མཐོང་པ་དང་ཁྱད་པར་མེད། ཐོག་མཐའ་བར་གསུམ་དུ་ངས་རྒྱུན་དུ་ནས་ཚང་མས་མི་དམངས་དྲ་བའི་ཐོག་འཇོག་པའི་ལན་འཕྲིན་ལ་དོ་ཁུར་བྱེད་ཀྱི་ཡོད།  བསྔགས་བརྗོད་བྱས་ནའང་འདྲ་ཡང་ན་སྐྱོན་བརྗོད་བྱས་ནའང་འདྲ། ཐབས་འདོན་བྱས་ནའང་འདྲ་ཡང་ན་སྐྱོན་འདོན་བྱས་ནའང་རུང་གང་ཡིན་ཡང་སི་ཁྲོན་ལ་སེམས་ཁུར་བྱེད་པ་མཚོན་གྱི་ཡོད་པས། དེ་ནི་ང་ཚོས་ལས་ཀ་ལེགས་པར་སྒྲུབ་པའི་སྒུལ་ཤུགས་ཤིག་ཡིན། འདིར་ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
     2019ལོ་ནི་སྤྱིར་བཏང་གཏན་ནས་མིན་པ་དང་བློ་ལ་བརྟན་པོར་ངེས་འོས་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སི་ཁྲོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་་སི་ཁྲོན་གྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཏང་འཛུགས་སྐྱོང་སྤྱི་འདོམས་སྐུལ་འདེད་བཏང་ཡོད་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་4.66ཟིན་ནས་7.5%འཕར་ཡོད་པ་དང་། ཚན་རྩལ་གྱིས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་58%ཟིན་ནས་སི་ཁྲོན་གྱི་བཅོས་སྐྱོང་དང་དར་རྒྱས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ཡོད། ད་ལོ་གློ་བུར་དུ་ཐོན་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ཡོད། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ལྡན་ངང་འཁོར་སྐྱོད་རྒྱུན་འཁྱོངས་བྱེད་པའི་བརྒྱུད་རིམ་ཁྲོད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལེགས་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། རྒྱ་ཆེའི་དྲ་གྲོགས་ཀྱིས“དྲ་ཐོག”ཏུ་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་། “དྲ་འོག”ཏུ་སྟོབས་ཤུགས་ཕྱོགས་གཅིག་ཏུ་སྒྲིལ་ཏེ་སི་ཁྲོན་གྱི་བྱ་གཞག་འཕེལ་རྒྱས་ལ་སྤྲོ་སེམས་ཆེན་པོས་བློ་གྲོས་འབུལ་བ་དང་། ཧུར་བརྩོན་ཆེན་པོས་ནུས་ཤུགས་འདོན་པར་ང་ཚོས་ཚང་མར་བསྔགས་བརྗོད་བྱ་རྒྱུ་ཡིན།
     དེང་སྐབས། རང་རེའི་ཞིང་ཆེན་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་ལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་དམིགས་བསལ་དུས་སྐབས་ཤིག་ཀྱང་རེད། དྲ་གྲོགས་ཀྱི་ལན་འཕྲིན་ལ་བལྟས་ན། ཧུར་བརྩོན་གྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཇེ་ཆུང་དུ་བཏང་ནས། མིག་སྔའི་མངོན་གསལ་དོད་པའི་དམངས་འཚོའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དང་། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱ་རྒྱུ། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་བཅས་ནི་ཚང་མས་ཧ་ཅང་དོ་ཁུར་བྱེད་པའི་གནད་དོན་ཡིན་པས། ད་ལོའི་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་གཙོ་གནད་ཀྱང་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱས་ཏེ། རིམ་ཁག་ལས་བྱེད་པ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན་བཅས་སྒྲིག་འཛུགས་བྱས་ཏེ་གཞི་རིམ་མང་ཚོགས་སར་ཟབ་བསྐྱོད་བྱས་ནས། མི་དམངས་ཀྱི་གནས་ཚུལ་འདྲི་རྟོགས་དང་། མི་དམངས་ཀྱི་འབོད་སྒྲ་ཉན་པ། མི་དམངས་ཀྱི་དཀའ་ངལ་སེལ་བ། མི་དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་གཞི་རྩའི་དམངས་འཚོ་འགན་སྲུང་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་ཤིན་ཏུ་དབུལ་བའི་བཙན་རྫོང་གཏོར་བ་དང་། སྦགས་བཙོག་འགོག་བཅོས་ཀྱི“གཡུལ་འགྱེད་ཆེན་པོ་བརྒྱད”རྒྱུན་མཐུད་ངང་ཡག་པོ་བརྒྱབ་ནས་ཉེན་ཁ་ཚབས་ཆེན་ནུས་ཤུགས་ཡོད་རྒུས་འགོག་ཟོན་དང་སེལ་ཐབས་བྱ་རྒྱུ་དང་། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་ནས་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ང་ཚོས་འཐབ་ཇུས་ཀྱི་གོ་སྐབས་དམ་པོར་བཟུང་ནས། “སྣེ་གཅིག་དང་ལྟེ་གནས་གཉིས། ས་ཁུལ་གཉིས”ཀྱི་འཐབ་ཇུས་དམིགས་ཚད་ལ་དམ་པོར་དམིགས་ཏེ་ས་ཁོངས་མཉམ་ལས་ལམ་སྲོལ་གསར་གཏོད་བྱེད་་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རྣམ་གྲངས་གལ་ཆེན་ཇུས་འགོད་དང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་བཅས་བྱས་ནས་དུས་རབས་གསར་པའི་སི་ཁྲོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན།
     དེང་གི་དུས་རབས་འདིར། དྲ་སྦྲེལ་ནི་མི་དམངས་མང་ཚོགས་ཀྱིས་འདོད་བློ་བསྟན་པ་དང་། རེ་འདུན་ཞུ་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ང་ཚོས“དྲ་ཐོག་གི་མང་ཚོགས་ལམ་ཕྱོགས”ཏན་ཏིག་ངང་སྤེལ་ནས། དྲ་རྒྱའི་བརྒྱུད་ལམ་བདེ་བགྲོད་བཟོ་བ་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཚང་མས་བཏོན་པའི་མྱུར་དུ་སྒྲུབ་དགོས་པའི་གནད་དོན་དང་སྒྲུབ་དཀའ་བའི་གནད་དོན་དག་ཉན་མཁན་ཡོད་པ་དང་ཉན་རྗེས་སྒྲུབ་མཁན་ཡོད་པ་བྱ་རྒྱུ་ཡིན། ཚང་མས་སྔར་རྒྱུན་བཞིན་རང་རེའི་ཞིང་ཆེན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་བྱེད་པ་དང་། སི་ཁྲོན་གྱི“དངོས་གནས་དགའ་མཁན”ཡག་པོ་བྱེད་པ། སི་ཁྲོན་གྱི“གྲོགས་ཚོམས”རྒྱ་ཆེར་བཏང་བ་བཅས་བྱས་ནས་སི་ཁྲོན་གྱི་བཅོས་སྐྱོང་དང་དར་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བའི་དྲང་ནུས་ཆེན་པོ་རྒྱུན་ཆད་མེད་པར་གཅིག་སྡུད་བྱ་རྒྱུའི་རེ་བ་ཡོད།
     ཚང་མས་སི་ཁྲོན་དུ་མང་ཙམ་ལྟ་བར་ཕེབས་ནས་སི་ཁྲོན་ས་གཞི་ཆེན་པོའི་ཐུན་མིན་གྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བ་དང་། སི་ཁྲོན་ཞིང་ཆེན་གྱི་བདེ་སྐྱིད་དང་སྤྲོ་སྣང་ཉམས་སུ་མྱོང་བར་ཕེབས་རྒྱུར་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུ་རྒྱུ་ཡིན།
     ཀྲུང་གུང་སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཕེང་ཆིང་ཧྭ།
༄༅༎སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅིས་ཚོགས་འདུ་གཉིས་ཚུགས་ཁར་དྲ་གྲོགས་ལ་འཕྲིན་ཡིག་སྤྲིངས་ནས་ཚང་མས་སི་ཁྲོན་
ལ་“དངོས་གནས་དགའ་མཁན”ཡག་པོ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ།