འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་21ཉིན།

༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས། ཀྲུང་རི་ཧན་གྱི་ཏོག་གསར་རིམས་འགོག་གི་དམིགས་
བསལ་བརྙན་ལམ་ཚོགས་འདུའི་གནས་ཚུལ་ངོ་སྤྲོད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་21ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས་18ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཉིན་ཤས་གོང་འཚོགས་པའི་ཀྲུང་རི་ཧན་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་འཕྲོད་བསྟེན་པུའུ་ཀྲང་གི་དམིགས་བསལ་བརྙན་ལམ་ཚོགས་འདུའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
    ཀྲའོ་ལི་ཅན་གྱིས། ཚེས་15ཉིན་གྱི་མཚན་མོར་ཀྲུང་རི་ཧན་གྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་འཕྲོད་བསྟེན་པུའུ་ཀྲང་གི་དམིགས་བསལ་བརྙན་ལམ་ཚོགས་འདུ་འཚོགས་པ་དང་ཚོགས་འདུའི་ཐོག་མཉམ་འབྲེལ་གསལ་བསྒྲགས་ལ་གྲོས་འཆམ་བྱུང་བ་རེད། དེ་ནི་ཀྲུང་རི་ཧན་རྒྱལ་ཁབ་གསུམ་པོས་ཟླ་གསུམ་པར་འཚོགས་པའི་ཏོག་གསར་གློ་ཚད་གནད་དོན་གྱི་ཕྱི་འབྲེལ་པུའུ་ཀྲང་གི་དམིགས་བསལ་བརྙན་ལམ་ཚོགས་འདུ་དང་ཟླ་བཞི་པར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ་འཚོགས་པའི་ཏོག་གསར་གློ་ཚད་རིམས་ནད་འགོག་པའི་འགོ་ཁྲིད་པའི་དམིགས་བསལ་ཚོགས་འདུ་དང་དེ་བཞིན་འཕྲོད་བསྟེན་པུའུ་ཀྲང་གི་དམིགས་བསལ་ཚོགས་འདུའི་རྗེས་སུ་སླར་ཡང་མཉམ་དུ་འཚོགས་པའི་རིམས་འགོག་ཉམས་མྱོང་མཉམ་སྤྱོད་སྤེལ་རེས་ཀྱི་བྱེད་སྒོ་གལ་ཆེན་ཞིག་རེད་ཅེས་བརྗོད།
    ཀྲའོ་ལི་ཅན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཚོགས་འདུའི་ཐོག་མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དང་ཉམས་མྱོང་ངོ་སྤྲོད་བྱས་པ་དང་འབྲེལ། ཀྲུང་རི་ཧན་ཕྱོགས་གསུམ་གྱི་འབྱུང་འགྱུར་མཉམ་ལས་ལ་གྲོས་འགོ་ཁག་གསུམ་བཏོན་པ་སྟེ། གཅིག་ནི་རིམས་ནད་འགོག་རྒོལ་ཁྲོད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། གཉིས་ནི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་སྤེལ་བ། གསུམ་ནི་འཕྲོད་བསྟེན་ཁོངས་གཏོགས་ཉམས་ཞན་གྱི་རྒྱལ་ཁབ་ཀྱི་ཁ་གཏད་གཅོག་ནུས་མཉམ་དུ་ཆེ་རུ་གཏོང་རོགས་བྱེད་པ་བཅས་རེད། རྒྱལ་ཁབ་ཁག་གིས་རིམས་ནད་ལ་མུ་མཐུད་མཉམ་དུ་ཁ་གཏད་བཅག་ནས་ས་ཁུལ་དང་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་ཀྲུང་གོ་ཕྱོགས་ཀྱིས་འབོད་སྐུལ་བྱས་ཡོད། རི་པིན་ཕྱོགས་དང་ཧན་གོ་ཕྱོགས་ཀྱི་སྐུ་ཚབ་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་དང་སྤྱད་པའི་བྱ་ཐབས་ངོ་སྤྲོད་བྱས་པ་དང་འབྲེལ། གོ་ལ་ཧྲིལ་པོའི་རིམས་འགོག་ཁྲོད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་འདོན་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་ཁག་གིས་གོ་ལ་ཧྲིལ་པོའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་དུ་རིམས་འགོག་བྱེད་དགོས་ཞེས་བརྗོད།