འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་21ཉིན།

༄༅།།ཀྲུང་གོ་བཟོ་ཚོང་དངུལ་ཁང་ཧྲོའར་ཡན་ལག་དངུལ་ཁང་གིས། ཀྲུང་ཧན་ཁེ་ལས་ལ་ལས་འགོ་བསྐྱར་
འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རོགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་21ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྲོའར་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་ཀྲུང་གོ་བཟོ་ཚོང་དངུལ་ཁང་ཧྲོའར་ཡན་ལག་དངུལ་ཁང་གིས་ཧན་གོར“ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་བརྟན་པོ་ཡོང་བ”བརྗོད་དོན་གཙོ་བོར་བྱེད་པའི“དཔྱིད་དུས་ཀྱི་མ་དངུལ་བསྡུ་སྒྲིལ་བྱ་སྤྱོད”ཧུར་ཐག་སྤེལ་ནས་ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་རོགས་རམ་བྱས་པ་དང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་བཏང་བ་རེད།
    བཟོ་ཚོང་དངུལ་ཁང་ཧྲོའར་ཡན་ལག་དངུལ་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་4པའི་ཟླ་མཇུག་བར་དངུལ་ཁང་དེས་ཀྲུང་ཧན་ཚོང་དོན་གྱི་མ་དངུལ་བསྡུ་སྒྲིལ་ལས་སྒོ་732གཉེར་བ་དང་མ་དངུལ་བསྡུ་སྒྲིལ་སྤྱི་འབོར་ཨ་སྒོར་དུང་ཕྱུར་17ལྷག་ཙམ་ཟིན་གྱི་ཡོད་ཅིང་། ལས་སྒོའི་སྣ་ཁ་ཡིད་རྟོན་དཔང་ཡིག་འབྲི་བ་དང་། དངུལ་ལེན་མངགས་བཅོལ་དང་གཏའ་འཛིན་དངུལ་འགྲུལ། འགན་ཡིག ཉེན་ཆེའི་དངུལ་བུན་ནང་ཞུགས་པ་སོགས་ཚུད་ཡོད་པ་དང་ཀྲུང་གོར་ཡོད་པའི་ཧན་གོའི་མ་མཇོག་ཁེ་ལས་གཅིག་ལ་དངུལ་བུན་ཨ་སྒོར་ཁྲི་2290གཏོང་རྒྱུའི་ཞིབ་བཤེར་ཆོག་མཆན་སྤྲད་པ་ཚུད་ཡོད།