འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་20ཉིན།

༄༅༎ཕྱི་འབྲེལ་པུས། ཨ་རི་ཕྱོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་ལ་གཞིགས་ནས་ཀྲུང་གོའི་སློབ་མ་བདེ་བླག་ངང་
རྒྱལ་ནང་དུ་ལོག་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་20ཉིན། 11:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་19ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལིས་ཅན་གྱིས་ཀྲུང་གོའི་འབྲེལ་ཡོད་མཁའ་འགྲུལ་ཀུང་སིས་ཉེ་ཆར་གནས་སྐབས་ཀྱི་དུས་གཏན་གནམ་གྲུ་ཁག་གཅིག་བཀོད་སྒྲིག་བྱས་ནས་ཨ་རིར་དངོས་འབྲེལ་དཀའ་ངལ་འཕྲད་པ་དང་འཕྲལ་དུ་རྒྱལ་ནང་དུ་ལོག་དགོས་པའི་ཕྱི་སྦྱོང་སློབ་མ་ཁག་གཅིག་ཚུར་བསུ་རྩིས་ཡོད། ཡིན་ཡང་ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་དུས་གཏན་གནམ་གྲུའི་རེ་ཞུར་ཆོག་མཆན་མ་སྤྲད་པའི་རྐྱེན་གྱིས། གནམ་གྲུ་ཕྱིར་འགྱངས་མ་བྱེད་ཀ་མེད་བྱུང་བས་ཀྲུང་གོ་ཕྱོགས་བློ་ཕམ་ཆེན་པོ་བྱུང་། ཨ་རི་ཕྱོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་ལ་གཞིགས་ནས་ཀྲུང་གོའི་སློབ་མ་བདེ་བླག་ངང་རྒྱལ་ནང་དུ་ལོག་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
    ཀྲའོ་ལི་ཅན་གྱིས་ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གནས་སྐབས་ཀྱི་གནམ་གྲུར་སྡོད་རྩིས་ཡོད་པའི་ཀྲུང་གོའི་ཕྱི་སྦྱོང་སློབ་མ་ཁ་ཤས་གནམ་གྲུ་འཕུར་སའི་གྲོང་ཁྱེར་དུ་བསྡད་མེད་ཅིང་། གནམ་གྲུར་སྡོད་ཆེད་ཁོ་ཚོས་ཉལ་ཁང་དང་སྡོད་ཁང་ཕྱིར་སློག་བྱས་ཟིན་པ་དང་། གནས་སྐབས་དུས་གཏན་གནམ་གྲུ་ཕྱིར་འགྱངས་བྱས་པས་སློ་མ་འདི་དག་ལ་སྟབས་མི་བདེ་བ་ཆེན་པོ་བཟོས་ཡོད། ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་གིས་བཀོད་སྒྲིག་དང་ཐག་གཅོད་བྱེད་རོགས་བྱས་ཡོད་ཅེས་བརྗོད་པ་རེད།
     “ང་ཚོས་ཨ་རི་ཕྱོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་ལ་གཞིགས་ནས། སློབ་མ་བསུ་རྒྱུ་དང་འབྲེལ་བ་ཡོད་པའི་དུས་གཏན་གནམ་གྲུར་འབྲེལ་ཡོད་འགྲོ་ལུགས་གང་མགྱོགས་གཉེར་ནས་ཀྲུང་གོའི་སློབ་མ་བདེ་བླག་ངང་རྒྱལ་ནང་དུ་ལོག་ཐུབ་པ་བྱ་རྒྱུའི་རེ་བ་ཡོད”ཅེས་ཀྲའོ་ལི་ཅན་གྱིས་བཤད།