འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་20ཉིན།

༄༅།།བོད་དམག་ཁུལ་ཁང་གི་ལུའི་ཤོག་ཅིག་གི་སྐད་གཉིས་དྲིལ་བསྒྲགས་པས་ས་མཐོའི་གང་སར་སྲིད་
ཇུས་དྲིལ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་20ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    རྒྱུན་དུ་སྡེ་ཁུལ་དུ་བསྐྱོད་ནས་རྒྱལ་སྲུང་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་དང་བཅའ་སྡོད་སྦྱོང་བརྡར་བྱེད་སྐབས་ཉེ་འགྲམ་གྱི་གྲོང་ཚོར་གུར་ཕུབ་ནས་དྲིལ་བསྒྲགས་བྱེད་ཀྱི་ཡོད། བོད་དམག་ཁུལ་ཁང་གི་ལུའི་ཤོག་ཅིག་གིས་བོད་རྒྱ་སྐད་གཉིས་ལ་བྱང་ཆུབ་པའི་ཡན་ལག་རུ་ཁག་ཆུང་ཆུང་ཞིག་བཙུགས་ནས་ས་མཐོའི་གང་སར་བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་ལ་རྒྱལ་སྲུང་སློབ་གསོ་བཏང་བར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།
    སྔོན་ཆད་ལུའི་ཤོག་དེས་བོད་ཀྱི་འབྲོག་ཁུལ་དུ་བསྐྱོད་ནས་རྒྱལ་སྲུང་སློབ་གསོ་གཏོང་བ་བོད་རིགས་དཔོན་དམག་ཁ་ཤས་ལ་རྟེན་དགོས་ཀྱི་ཡོད། དཔོན་དམག་གཞན་དག་གིས་བོད་སྐད་མི་ཤེས་སྟབས་ལས་དོན་དེར་རོགས་རམ་བྱེད་ཐབས་བྲལ། དོན་དེར་དམིགས་ནས་ཁོ་ཚོས“སློབ་སྦྱོང་གཉིས”ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་རྒྱལ་སྲུང་ཤེས་བྱ་སྒྲོག་འགྲེལ་བའི་དཔུང་ཁག་སྟོབས་ཆེར་བཏང་བ་རེད། “སློབ་སྦྱོང་གཉིས”ནི་བོད་སྐད་ཡིག་དང་རྒྱལ་སྲུང་ཤེས་བྱ་སློབ་སྦྱོང་བྱེད་རྒྱུ་དེ་རེད། ཁོང་ཚོས་བོད་རིགས་དཔོན་དམག་ལ་བོད་སྐད་སློབ་ཁྲིད་དགེ་རྒན་གྱི་འགན་ཁུར་དུ་བཅུག་སྟེ། རྒྱུན་སྤྱོད་བོད་སྐད་སློབ་པ་དང་བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད་བྱེད་པ་དང་འབྲེལ་རྒྱལ་སྲུང་ཤེས་བྱའི་གཙོ་གནད་ལོ་ཙཱ་བྱས་ནས་འགྲེལ་བཤད་རྒྱག་གི་ཡོད།
    ལུའི་ཤོག་དེའི་འགོ་ཁྲིད་ཚང་མས་ལག་ཏུ་རྨང་གཞིའི་བོད་སྐད་དེབ་རེ་བཟུང་ནས་ལིའུ་ཀྲང་གཞོན་པ་རྣམ་རྒྱལ་རྡོ་རྗེའི་སློབ་ཁྲིད་ཉན་པ་དང་། ཉིན་ལྟར་བོད་སྐད་ནས་ཕན་ཚུན་འཚམས་འདྲི་མཐའ་འཁྱོངས་བྱས་པས་དུས་ཚོད་ངེས་ཅན་ཞིག་སོང་རྗེས་ལིའུ་དེའི་འགོ་ཁྲིད་མི་རེ་ངོ་རེས་བོད་རིགས་མང་ཚོགས་དང་སྟབས་བདེའི་སྐད་ཆ་ཤོད་ཐུབ་པ་གསར་འགོད་པར་དོ་སྣང་བྱུང་། དཔེ་སྟོན་སྣེ་ཁྲིད་བྱེད་པ་ནི་སྐུལ་སློང་ཡག་ཤོས་ཤིག་རེད། ལིའུ་ཤོག་དེའི་གོང་འོག་ཚང་མར་སློབ་སྦྱོང་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་ཤིང་། ཚང་མས་ཁོམ་པ་བྱུང་ཚེ《རྒྱུན་སྤྱོད་བོད་སྐད་ཚིག་དུམ་300》ལྟ་ཡི་ཡོད་པས་རུ་ཤོག་བརྒྱ་ཤོག་ཁག་ཏུ་བོད་སྐད་ཤེས་མཁན་གྱི་དཔོན་དམག་ཇེ་མང་དུ་སོང་ཡོད། གཞན་ཡང་ཁོ་ཚོས《རྒྱལ་སྲུང་སྲིད་ཇུས་ཀྱི་གཞི་རྩའི་ནང་དོན》དང《མང་ཚོགས་ཀྱི་ལས་དོན་སྐོར་གྱི་ལག་དེབ》དཔར་ནས་སློབ་སྦྱོང་གི་དམིགས་སའི་རང་བཞིན་ཆེ་རུ་བཏང་བ་རེད།
    ད་ཆ་ལུའི་ཤོག་དེས་རྒྱལ་སྲུང་སློབ་གསོ་གཏོང་སྐབས་བོད་རིགས་དཔོན་དམག་ཁོ་ནར་རྟེན་མི་དགོས་པར་དཔོན་དམག་གཞན་དག་གིས་ཀྱང་བོད་སྐད་ཤེས་ཀྱི་ཡོད། “རྒྱ་རིགས་དཔོན་དམག་གིས་བོད་སྐད་ཤེས་ན། བོད་རིགས་མང་ཚོགས་དང་བརྩེ་བ་རང་བཞིན་གྱིས་ཟབ་ཏུ་འགྲོ་སྲིད” མིག་སྔར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྡེ་ཁུལ་ཞིག་ཏུ་རྒྱལ་སྲུང་སློབ་གསོ་གཏོང་བཞིན་པའི་ལུའི་དེའི་དགེ་རྒན་སུན་དབྱི་ཡིས་མྱོང་ཚོར་ཟབ་མོའི་ངང་སྐད་བརྡ་ནི་འབྲེལ་གཏུག་གི་ཟམ་པ་ལྟ་བུ་ཞིག་རེད། སྐད་བརྡ་འཕྲོད་ན་བཅའ་སྡོད་མང་ཚོགས་དང་སྤེལ་རེས་དེ་བས་བྱེད་བདེ་པོ་འདུག་ལ། རྒྱལ་སྲུང་ཤེས་བྱ་སྒྲོག་འགྲེལ་བྱེད་པར་ཅི་བསམ་དེ་འགྲུབ་ཡོང་གི་འདུག གསར་འགོད་པར་ས་གནས་ས་ཐོག་ནས་ལིའུ་ཤོག་དེའི་སྒྲོག་འགྲེལ་བས་སྡེ་ཁུལ་གྱི་མང་ཚོགས་དང་རང་རྒྱལ་གྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་མཚོན་ཚུལ་བཟང་པོར་གྲོས་བསྡུར་བྱེད་སྐབས། སྐད་ཆ་ཁ་ཤས་བོད་རིགས་དྲིལ་བསྒྲགས་པ་རྡོ་རྗེས་སྐད་སྒྱུར་བྱེད་དགོས་པ་ལས་གཞན་གྱི་ཐད་འགོག་རྐྱེན་གང་ཡང་མེད། རོལ་དབྱངས《མེས་རྒྱལ་ལ་བསྟོད་གླུ་འབུལ》དཀྲོལ་སྐབས་ཚང་མས་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་ཞབས་བྲོ་འཁྲབ་པ་མཐོང་བྱུང་།