འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་20ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་ཟླ་བ་དང་པོ་ནས་གསུམ་པ་བར་གྱི་ཁྲལ་རིན་གཉིས་གཅོག་སྒོར་དུང་
ཕྱུར་27.5ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་20ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཀྲུང་དབྱང་ཀུན་ཁྱབ་རླུང་འཕྲིན་བརྙན་འཕྲིན་དྲ་བ་ཟི་ལིང་ནས་ཆ་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གསར་འགོད་པར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བ་དང་པོ་ནས་གསུམ་པ་བར་གྱི་ཁྲལ་འཇལ་རེ་ཞུའི་དུས་ཚོད་མཇུག་འགྲིལ་བ་དང་། ཡོང་འབབ་ཞིབ་རྩིས་ཀྱི་གྲངས་གཞིའི་བསྡོམས་རྩིས་ལ་གཞིགས་ན། འདི་ལོའི་ཟླ་བ་དང་པོ་ནས་གསུམ་པ་བར་མཚོ་སྔོན་ཞིང་ཆེན་ལ་རིམ་རྩིས་བྱས་ན་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་27.5ཟིན་པ་ལས། 2020ལོར་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་གྲོན་གྱི་གཟིགས་སྐྱོང་སྲིད་ཇུས་གསར་དུ་བཏོན་པའི་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་7.4མང་དུ་སོང་བ་དང་། 2019ལོར་སྔར་ལས་གཞི་ཁྱོན་ཆེ་བའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་2020ལོར་མུ་མཐུད་ལག་ལེན་བསྟར་བ་ལས་བྱུང་བའི་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་20.1ཟིན་ཡོད།