འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་19ཉིན།

༄༅།།དབྱི་ཀྲུང་རྒྱལ་ཁབ་གཉིས་པོས་ནང་འདྲེན་དངོས་མང་སྟོན་ཚོཌ་སྐབས་གསུམ་པའི་མངའ་ཁོངས་
ཕྱིའི“སྤྲིན་ཚོམ་ཚོང་འགུགས་མ་འདྲེན”མཉམ་དུ་གཉེར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་19ཉིན། 09:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རོ་མ་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཅུས་ཀྱི་ཤུགས་ཆེན་རྒྱབ་སྐྱོར་འོག་དབྱི་ཐ་ལིའི་དབྱི་ཀྲུང་ཐེབས་རྩ་ལྷན་ཚོགས་དང་། དབྱི་ཀྲུང་ཚོང་ཚོགས། དེ་བཞིན་དབྱི་ཐ་ལིའི་ཕྱི་ཕྱོགས་ཚོང་དོན་ཨུ་ལྷན། ཀྲུང་གོ་བཟོ་ཚོང་དངུལ་ཁང་བཅས་ཀྱིས་ཉིན་ཤས་གོང“འབྲེལ་གཏུག་མེད་པ”དང“སྤྲིན་ཚོམ་ཚོང་འགུགས་མ་འདྲེན”གྱི་བྱེད་ཐབས་ལ་བརྟེན་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་མངའ་ཁོངས་ཕྱིའི་ཚོང་འགུགས་དབྱི་ཐ་ལིའི་དྲ་ཐོག་འོས་སྦྱོར་ཚོགས་འདུ་འཚོགས་པས་དབྱི་ཐ་ལིའི་ལས་རིགས་ཁག་གི་ཚོང་པ་150ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
     ཚེས་15ཉིན་དབྱི་ཀྲུང་ཐེབས་རྩ་ལྷན་ཚོགས་ཀྱི་དབུ་བཞུགས་གཉེར་སྐྱོང་དཔོན་མཱ་ཁེ·པེ་ཐིང་དང་། དབྱི་ཐ་ལིའི་ཕྱི་ཕྱོགས་ཚོང་དོན་ཨུ་ལྷན་གྱི་དྲུང་ཆེ་ཏའེ་ཝེ·ཏོ་ཉེ་ནུའོ་ཏི་སོགས་ཀྱིས་དྲ་ཐོག་འོས་སྦྱོར་ཚོགས་འདུའི་ཐོག་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ལ། སྐབས་དེ་དང་བསྟུན་ཏེ་ཀྲུང་གོའི་ཚོང་པ་དང་ལས་སྒོའི་འབྲེལ་བ་བཙུགས་ནས་དབྱི་ཐ་ལིའི་སྤུས་ཀ་དག་པའི་ཐོན་རྫས་ཀྲུང་གོའི་ཁྲོམ་རར་ཁྱབ་གདལ་གཏོང་རྒྱུར་སྟབས་བདེ་སྐྲུན་འདོད་ཡོད་ཅེས་བརྗོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པ་ཟླ་11པར་འཚོག་རྩིས་ཡོད་ཅིང་། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལེའུ་ཧྥུའུ་ཞུའེ་ཡིས་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པར་ཐོན་རྫས་གསར་པ་དང་། ལག་རྩལ་གསར་པ། ཞབས་ཞུ་གསར་པ་བཅས་དེ་བས་མང་བ་ཡོངས་བསྒྲགས་བྱས་ཏེ་ཉོ་ཚོང་ཚོགས་པ་མུ་མཐུད་སྒྲིག་འཛུགས་ཀྱིས་གོ་ལ་ཧྲིལ་པོས་ཉོ་བ་དང་། གོ་ལ་ཧྲིལ་པོར་འཚོང་བ། གོ་ལ་ཧྲིལ་པོར་ཕན་པ་འདོགས་པ་བཅས་མངོན་འགྱུར་བྱ་རྒྱུ་རེད།