འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་18ཉིན།

༄༅།།བོད་ལྗོངས་ས་སྐྱ་རྫོང་བྲག་གཞུག་ཤང་གི་ལས་བྱེད་པ་མང་པོ་ཞིབ་བཤེར་ཐག་གཅོད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་18ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་གཞུག་ཤང་གི་ཤང་ཀྲང་དངོས་ཆེ་གེ་མོ་དང་། བྲག་གཞུག་ཤང་པད་སྡིངས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་ཆེ་གེ་མོ། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ངག་ཆེ་གེ་མོ། ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དབང་ཆེ་གེ་མོ། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཀྲ་ཆེ་གེ་མོ་བཅས་ཀྱིས་་གནས་སྤོས་དབུལ་སྐྱོར་གྱི་ས་ཆ་བསྡུ་ལེན་གྱི་ཁ་གསབ་མ་དངུལ་གཞན་སྤྱོད་བྱས་པར་ཐག་གཅོད་ནན་པོ་ཕོག་པའི་གནས་ཚུལ་གྱིས་པད་སྡིངས་གྲོང་ཚོའི་གྲོང་མིའི་ཁྲོད་གཡོ་འགུལ་ཆེན་པོ་བྱུང་ཡོད།
   2019ལོའི་ལོ་འགོར། ས་སྐྱ་རྫོང་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ལ་རྫོང་ཨུད་སྐོར་ཞིབ་གཞུང་ལས་ཁང་གིས་སྐྱེལ་བའི་རྫོང་དེའི་བྲག་གཞུག་ཤང་པད་སྡིངས་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ངག་ཆེ་གེ་མོས་གནས་སྤོས་དབུལ་སྐྱོར་གྱི་ས་ཆ་བསྡུ་ལེན་གྱི་ཁ་གསབ་མ་དངུལ་མི་སྒེར་གྱི་དངུལ་འཛིན་ནང་བཅུག་ནས། གྲོང་མི་ཚོའི་ལག་ཏུ་སྤྲད་མེད་པའི་གནད་དོན་སྟོན་པའི་ཁུངས་སྣེ་འབྱོར་བ་རེད།
    ཞིབ་བཤེར་བྱས་པར་བརྒྱུད། 2017ལོའི་ཟླ་11པར། ས་སྐྱ་རྫོང་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཅུས་དང་བྲག་གཞུག་ཤང་མི་དམངས་སྲིད་གཞུང་གིས་པད་སྡིངས་གྲོང་ཚོར་གནས་སྤོས་དབུལ་སྐྱོར་གྱི་ས་ཆ་བསྡུ་ལེན་གྱི་ཁ་གསབ་མ་དངུལ་སྒོར་348975སྤྲད་ཡོད་པ་རེད། ཡིན་ནའང་། 2019ལོའི་ཟླ་2པའི་ཟླ་མཇུག་ཏུ་སླེབས་ཀྱང་ཁ་གསབ་མ་དངུལ་དེ་ད་དུང་གྲོང་མི་ཚོའི་ལག་ཏུ་འབྱོར་མེད་ཅིང་། དེའི་ཁྲོད་ཀྱི་སྒོར་ཁྲི་20ཤང་ཀྲང་དངོས་ཆེ་གེ་མོའི་དངུལ་ཁུག་ནང་སླེབས་ཡོད་པ་རེད།
   “ཤང་ཀྲང་དངོས་ཆེ་གོ་མོས་། ས་ཆ་བསྡུ་ལེན་གྱི་ཁ་གསབ་དངུལ་ནི་གྲོང་ཚོའི་ཐུན་མོང་གི་ས་ཞིང་བསྡུ་སྤྱོད་རིན་པ་ཡིན་པས་གྲོང་ཚོའི་ཐུན་མོང་གི་འཛུགས་སྐྲུན་ཐོག་སྤྱོད་དགོས། མང་ཚོགས་ལ་སྤྲོད་མི་ཆོག་ཅེས་བླང་བྱ་ཁ་གསལ་སྟོན་པས།”ཤང་ཀྲང་དངོས་ཆེ་གེ་མོའི་མཛུབ་སྟོན་ལྟར། ཉི་ཆེ་གེ་མོ་དང། ངག་ཆེ་གེ་མོ། བཀྲ་ཆེ་གེ་མོ། དེ་བཞིན་པད་སྡིངས་གྲོང་ཚོའི་གྲོང་ཚོའི་ལས་དོན་ལྟ་ཞིབ་ཨུ་ཡོན་འཇམ་ཆེ་གེ་མོ་བཅས་མི་4ཡིས་གྲོས་བསྡུ་ཐག་གཅོད་བྱས་ནས། ས་ཆ་བསྡུ་ལེན་གྱི་་ཁ་གསབ་མ་དངུལ་ཁག་གཉིས་ལ་བགོས་པ་དང། དེའི་ཁྲོད་ཀྱི་སྒོར་ཁྲི་30དངུལ་ཁང་དུ་བཞག་པ་དང་། སྒོར་48975གྲོང་ཚོའི་ཐུན་མོང་མཉམ་ལས་ཁང་གི་ཞོག་ཁོག་ཉོ་སྒྲུབ་ཐད་བཏང་ཡོད་པ་རེད།
    གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཐུན་མོང་རྩིས་ཐོའི་མ་དངུལ་དང་ཁ་གསབ་དངུལ་མ་ནོར་བའི་ཆེད། ཉི་ཆེ་གོ་མོ་དང་། ངག་ཆེ་གེ་མོ། དབང་ཆེ་གེ་མོ། བཀྲ་ཆེ་གོ་མོ་ཡིས། ངག་ཆེ་གེ་མོའི་མིང་གི་ཐོག་ནས་དངུལ་ཁང་གི་ཐོ་ཁོངས་གསར་པ་ཞིག་བཟོས་ནས་སྒོར་ཁྲི་30ཐོ་ཁོངས་དེའི་ནང་དུ་བཞག་ནས། དངུལ་འཛིན་བཀྲ་ཆེ་གེ་མོས་ཉར་བ་རེད།  ཡིན་ཡང་། ཁོང་ཚོའི་བསམ་ཡུལ་ལས་འདས་པ་ཞིག་ལ། ཡུན་རིང་མ་སོང་བར་དངུལ་དེར་མཁོ་མཁན་བྱུང་ཡོད་པ་དང་། 2018ལོའི་ལོ་འགོར། དངོས་ཆེ་གེ་མོས་རང་ཉིད་ལ་དངུལ་མཁོ་གལ་ཆེ་བས། པད་སྡིངས་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་ལ་ས་ཆ་བསྡུ་ལེན་གྱི་ཁ་གསབ་མ་དངུལ་ཁྲོད་ནས་སྒོར་ཁྲི་20གཡར་དགོས་པ་བཏོན།
    “ཁོང་ནི་ང་ཚོའི་ཤང་ཀྲང་ཡིན་ཞིང་། དུས་རྒྱུན་དུ་ང་ཚོར་ལྟ་རྟོགས་ཡག་པོ་བྱས་པ་བསམ་ནས། དངུལ་དེ་ངེས་པར་དུ་གཡར་དགོས། དེ་ལྟར་མ་བྱས་ན་རྗེས་སུ་དོན་དག་སྒྲུབ་དུས་དཀའ་ངལ་འཕྲད་རྒྱུ་རེད།”ཅེས་ཉི་ཆེ་གེ་མོ་དང་། ངག་ཆེ་གེ་མོ། དབང་ཆེ་གེ་མོ། བཀྲ་ཆེ་གེ་མོ་བཅས་མི་4ཡིས་གྲོས་བསྡུ་བྱས་རྗེས། དངུལ་ཁང་དུ་བཞག་པའི་སྒོར་ཁྲི་30སྟེ་ས་ཆ་བསྡུ་ལེན་གྱི་ཁ་གསབ་མ་དངུལ་ཚང་མ་བླངས་ནས། གྲོང་ཚོ་ཨུ་ཡོན་ལྷན་ཁང་དུ་སྒོར་ཁྲི་10བཞག་པ་ཕུད། དེ་མིན་སྒོར་ཁྲི་20ཚང་མ་དངོས་ཆེ་གེ་མོར་གཡར་བ་རེད། 2019ལོའི་ཟླ་3པར། དངོས་ཆེ་གེ་མོས་གཡར་བའི་སྒོར་ཁྲི་20ཚང་མ་པད་སྡིངས་གྲོང་ཚོར་སྤྲད་པ་དང་། སྒོར་ཁྲི་35ལ་ཉེ་བའི་ས་ཆ་བསྡུ་ལེན་གྱི་ཁ་གསབ་མ་དངུལ་ད་གཟོད་ཇི་མ་ཇི་བཞིན་དུ་གྲོང་མི་ཚོའི་ལག་ཏུ་སྤྲད་ཡོད་པ་རེད།
     “དངོས་ཆེ་གེ་མོ་སོགས་ཀྱིས་གཞི་རིམ་ལས་བྱེད་པ་ཡིན་པའི་ངོས་ནས། མི་སྒེར་གྱི་ཁེ་ཕན་ཆེད་དུ་མང་ཚོགས་ཀྱི་ཁེ་ཕན་སྣང་མེད་དུ་བཞག་པ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོས་པས། ཞིབ་བཤེར་ཐག་གཅོད་ཡག་པོ་མ་བྱས་ན། དམངས་འཁོན་སེལ་དཀའ།”2019ལོའི་ཟླ་9ཚེས་8ཉིན། དངོས་ཆེ་གེ་མོར་ཏང་ནང་ཐ་ཚིག་དྲག་པོ་སྒྲོག་པའི་ཆད་པ་བཅད་པ་དང་། ཉི་ཆེ་གེ་མོ་དང་། ངག་ཆེ་གེ་མོ། དབང་ཆེ་གེ་མོ། བཀྲ་ཆེ་གེ་མོ་སོགས་མི་4ལ་ཏང་ནང་ཐ་ཚིག་སྒྲོག་པའི་ཆད་པ་བཅད་ཡོད་པ་རེད།