འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་18ཉིན།

༄༅༎རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཏུང་ཚའེ་ཡུན་གྱིས་སློབ་གསོར་བརྟེན་ནས་དབུལ་པོ་
མི་རབས་ནས་མི་རབས་བརྒྱུད་རྒྱུ་བཀག་འགོག་བྱེད་དགོས་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་18ཉིན། 12:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་5ཚེས་12ཉིན་ཏུང་ཚའེ་ཡུན་གྱིས་ཁྲུའེ་མཱ་ཐན་སློབ་ཆུང་གཞུང་ལས་ཁང་དུ་ལས་ཀ་བྱེད་བཞིན་ཡོད།
ཟླ་5ཚེས་12ཉིན་ཏུང་ཚའེ་ཡུན་གྱིས་ཁྲུའེ་མཱ་ཐན་སློབ་ཆུང་གཞུང་ལས་ཁང་དུ་ལས་ཀ་བྱེད་བཞིན་ཡོད།
     མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཏུང་ཚའེ་ཡུན་ནི་ཀན་སུའུ་ཞིང་ཆེན་ལིན་ཞ་ཧུའེ་རིགས་རང་སྐྱོང་ཀྲོའུ་ཅི་ཧྲི་ཧྲན་པའོ་ཨན་རིགས་ཏུང་ཞང་རིགས་ས་ལར་རིགས་རང་སྐྱོང་རྫོང་ཁྲུའེ་མཱ་ཐན་སློབ་ཆུང་གི་སློབ་སྤྱི་ཡིན་པ་དང“ཀན་སུའུ་ཞིང་ཆེན་གྱི་ཆེས་མཐོའི་དགེ་རྒན”དང“རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན”དུ་བདམས་མྱོང་ཡོད། སློབ་གསོའི་ལས་ཀ་བྱས་ནས་ལོ་30ལྷག་ཙམ་སོང་བའི་དགེ་རྒན་ཞིག་ཡིན་པའི་ངོས་ནས་ཏུང་ཚའེ་ཡུན་གྱིས་སློབ་གསོ་དེ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཕྲུ་གུ་ཚོའི་ངོས་ནས་བརྗོད་ན་དེ་བས་གལ་འགངས་ཆེ་བའི་ངོས་འཛིན་བྱེད་ཀྱི་ཡོད། ལོ་མང་རིང་ཁོང་གིས་ཐབས་བརྒྱ་ཇུས་སྟོང་ངང་སློབ་གྲྭའི་མཁྲེགས་ཆས་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་བ་དང་དགེ་རྒན་གསོ་སྦྱོང་དང་དགེ་རྒན་གསར་པ་ནང་འདྲེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད་པ་རེད། ཏུང་ཚའེ་ཡུན་གྱིས། སློབ་གསོ་ནི་མི་རབས་ནས་མི་རབས་དབུལ་པོར་འགྱུར་རྒྱུ་བཀག་འགོག་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཡིན་པས། སློབ་གསོར་དམ་འཛིན་བྱེད་པ་ནི་དབུལ་སྒྲོལ་ལ་དམ་འཛིན་བྱེད་པ་རང་རེད། སློབ་གྲྭའི་མཁྲེགས་ཆས་དང་མཉེན་ཆས་དུས་གཅིག་ཏུ་ལེགས་སུ་བཏང་ཐུབ་ཚེ་སློབ་གསོ་གཞི་ནས་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཐུབ། དབུལ་སྒྲོལ་འགག་སྒྲོལ་ཐད་རིག་སྐྱོར་བྱེད་དགོས་ལ་བློ་སྐྱོར་ཡང་བྱེད་དགོས། སློབ་གྲྭའི་སློབ་གསོ་ནི་དེ་ལྟར་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
【1】  【2】
༄༅༎རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཏུང་ཚའེ་ཡུན་གྱིས་སློབ་གསོར་བརྟེན་ནས་དབུལ་པོ་
མི་རབས་ནས་མི་རབས་བརྒྱུད་རྒྱུ་བཀག་འགོག་བྱེད་དགོས་ཞེས་བརྗོད་པ།