འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་18ཉིན།

༄༅༎མེ་མདའ་དང་འབར་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་རེས་སྐོར་
གསར་པའི་ཆེད་དོན་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་18ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར། རྒྱལ་ཡོངས་སུ་མེ་མདའ་དང་འབར་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་གཏིང་ཟབ་བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱི་བརྙན་ལམ་སྐུལ་འདེད་ཚོགས་འདུ་ཚེས་15ཉིན་འཚོགས་ཏེ། མེ་མདའ་དང་འབར་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏིང་ཟབ་གཏོང་བའི་དུས་ཡུན་ལོ་གསུམ་གྱི་རེས་སྐོར་གསར་པའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བར་ཞིབ་འཇུག་བྱས་པ་མ་ཟད། སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་བདེ་བླག་ངང་འཚོག་པར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་རྒྱུ་ཡིན་པ་རེད།
     ཚོགས་འདུའི་ཐོག་གྱོད་གཞི་རྩད་ཆོད་ཀྱི་འགག་སྒྲོལ་ཟབ་ཏུ་གཏོང་བ་དང་། ལམ་བུ་གཤོང་རྒྱུ་མཐའ་འཁྱོངས། མངའ་ཁོངས་ནང་དུ་བཟོ་བ་དང་། དྲ་ཐོག་ནས་འཚོང་བ། མངའ་ཁོངས་ཕྱི་ནས་ལྐོག་འདྲེན་བཅས་གཙོ་གནད་གསུམ་ལ་དམིགས་ཏེ་མེ་མདའ་དང་འབར་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་མགྱོགས་མྱུར་ཆགས་པར་བྱེད་དགོས་པ་དང་། ཁྲིམས་བཞིན་མེ་མདའ་དང་འབར་རྫས་ཀྱི་ཉེས་གསོག་ཚབས་ཆེན་མགྱོགས་མྱུར་མྱུལ་ཞིབ་དང་། མགྱོགས་མྱུར་རྩད་གཅོད། མགྱོགས་མྱུར་ཐག་གཅོད་བཅས་བྱས་ནས་ཟིལ་གནོན་གྱི་ཕན་འབྲས་ཐོན་པར་བྱེད་དགོས་པ། མང་ཚོགས་ལ་དྲིལ་བསྒྲགས་དང་མང་ཚོགས་སྐུལ་སློང་བྱས་ནས་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་པའི་བྱེད་ཐབས་དོན་འཁྱོལ་བྱས་ཏེ་མེ་མདའ་བསྡུ་བ་དང་འབར་རྫས་བཅོས་སྒྲིག་གི་མི་དམངས་ཀྱི་དམག་འཁྲུག་ཅིག་རྒྱག་དགོས་པ། ལམ་ལུགས་འཛུགས་སྐྱོང་ཟབ་ཏུ་བཏང་ནས་རྡུང་འགོག་གི་ཕུགས་ཕན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། རྡུང་རྡེག་བཅོས་སྒྲིག་གི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་མཐོ་རུ་ཏན་ཏིག་གཏོང་དགོས་པ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་འགན་འཁྲི་བདའ་འདེད་ཀྱི་ལྟ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་ཆེད་དོན་བྱ་སྤྱོད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་ཕན་འབྲས་དངོས་ཐོབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།