འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་17ཉིན།

༄༅༎མི་སྤྱི་པུས“མི་སྤྱིའི་ཞབས་ཞུ་མགྱོགས་པོ་གཉེར་བའི་བྱ་སྤྱོད”སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་17ཉིན། 12:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། མི་སྤྱི་པུས《“མི་སྤྱིའི་ཞབས་ཞུ་མགྱོགས་པོ་གཉེར་བའི་བྱ་སྤྱོད”སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། 2020ལོའི་ལོ་མཇུག་གོང་ཁེ་ལས་དང་མང་ཚོགས་ཀྱི་བྱ་བ་བཅུ་ཡན་དུས་གཅིག་ཏུ་སྒྲུབ་པ་དང་ཞབས་ཞུའི་བྱ་བ་བཅུ་ཡན་དུས་བཅད་ཀྱི་རྨང་གཞིའི་ཐོག་སྒྲུབ་པའི་མྱུར་ཚད་50%མགྱོགས་སུ་གཏོང་རྒྱུ་ཡིན་པ་བཏོན་ཡོད།
     དུས་གཅིག་ཏུ་སྒྲུབ་པའི་བྱ་བ་ཞེས་པ་དེ་ནི་བརྒྱུད་རིམ་འདྲ་བ་དང་། དཔྱད་ཡིག་འདྲ་བ། འབྲས་བུ་འདྲ་བ་བཅས་ཀྱི་ཁེ་ལས་དང་མང་ཚོགས་ཀྱི་བྱ་བ་དུས་གཅིག་ཏུ་སྒྲུབ་པར་ཟེར་གྱི་ཡོད། ཁེ་ལས་དང་མང་ཚོགས་ཀྱིས་བསྒྲུབ་རྒྱུའི་དོན་དག་རེ་ཞུ་བྱེད་སྐབས“སྐར་ཁུང་གཅིག”གམ་ཡང་ན“སྟེགས་བུ་གཅིག”བརྒྱུད་དཔྱད་ཡིག་ཆ་ཚང་སྤྲད་ཚེ་ཐེངས་གཅིག་ལ་སྒྲུབ་ཐུབ་ཀྱི་ཡོད།
     སློབ་ཆེན་སློབ་མའི་ལས་གཏོད་ལ་ཆ་མཚོན་ན། མི་སྤྱི་སྡེ་ཚན་གྱིས་མི་དོན་ཡིག་ཚགས་སྒྱུར་བ་དང་། ཐེམ་ཐོ་སྒྱུར་བ། སྤྱི་པའི་ཁང་པ་རེ་ཞུ། སྤྱི་གསོག་མ་དངུལ་གྱི་རྩིས་ཐོ་བཟོ་བ། སློབ་ཆེན་སློབ་མའི་ཁ་གསབ་རེ་ཞུ་སོགས་སྡེ་ཚན་བརྒྱད་ཀྱི་དོན་ཚན་17བསྡུ་སྒྲིལ་བྱས་ནས་དུས་གཅིག་ཏུ་བསྒྲུབ་རྒྱུ་རེད། སློབ་ཆེན་སློབ་མས་རེའུ་མིག་གཅིག་རྒྱོང་བ་དང་འབྲེལ་ཡོད་དཔྱད་ཡིག་མཉམ་དུ་བསྐྱལ་ན་ཚང་མ་བསྒྲུབས་ཐུབ་ནས་ཐེངས་གཅིག་ལས་སྐྱོད་དགོས་ཀྱི་མེད་པ་རེད།