འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་17ཉིན།

༄༅༎ཟི་ལིང་གནའ་གྲོང་སྔོ་ལྗང་གོས་ཀྱིས་བཀླུབས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་17ཉིན། 12:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གཞན་བསྡུར་ཚེ། ས་མཐོའི་གནའ་བོའི་གྲོང་ཁྱེར་ཟི་ལིང་དུ་དཔྱིད་ཀ་ཤར་འགོར་ཙམ་ཡོད་ནའང་། མེ་ཏོག་ཅིག་ཁྲ་ཆིལ་ལེར་བཞད་པ་དང་བསྟུན་མི་རྣམས་ཀྱིས་ཟླ་5པ་ནི“མཛེས་སྡུག་ལྡན་པའི་དུས་ཚིགས”ཤིག་རེད་ཅེས་བརྗོད་ཀྱི་ཡོད།
     ཟི་ལིང་གྲོང་ཁྱེར་གྱི་མི་དམངས་སྤྱི་གླིང་དུ་སྐྱོད་སྐབས་མཐོ་དམའ་མི་འདྲ་བ་དང་། མེ་ཏོག་བཞད་ཡུན་མི་འདྲ་བ། ཚོད་གཞི་མི་འདྲ་བ་བཅས་ཀྱི་མེ་ཏོག་ཡུས་ཅིན་ཞང་ཁྲ་ཆིལ་ལེར་བཞད་ནས་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མངོན།
     འདི་ལོ་ཟི་ལིང་གྲོང་ཁྱེར་མི་དམངས་སྤྱི་གླིང་དུ་མེ་ཏོག་ཡུས་ཅིན་ཞང་གི་སྣ་ཁ་གསར་པ་5ནང་འདྲེན་བྱས་ཤིང་། མིག་སྔར་མེ་ཏོག་ཡུས་ཅིན་ཞང་རིགས་མི་འདྲ་བ་28བཏབ་པར་འདེབས་ཁྱོན་སྨི་ངོས་གྲུ་7000ཙམ་ཟིན་ཡོད།
     ཟི་ལིང་གྲོང་ཁྱེར་སྐྱེད་ཚལ་རྩི་ཤིང་ར་བ་ནི་ཟི་ལིང་གྲོང་ཁྱེར་གྱི་ནུབ་རིའི་རི་གཤམ་དུ་གནས་ཡོད། དེ་ནི་རང་བྱུང་གི་སྤྱི་གླིང་ཞིག་རེད། 2019ལོར་རྩེ་ཤིང་ར་བ་དེར་ཁྱོན་མེ་ཏོག་སྣ་ཁ་60ལྷག་ཙམ་བཏབ་ཡོད།
     ཟི་ལིང་གྲོང་ཁྱེར་སྐྱེད་ཚལ་རྩི་ཤིང་ར་བའི་ཡོན་ཀྲང་ཧྥན་ཡུས་ཆིན་གྱིས་གསར་འགོད་པར། མིག་སྔར་རྩི་ཤིང་ར་བས་ཞིང་ཆེན་ཡོངས་སུ་གླ་ཚེར་དང་སྐྱུ་རུ་ར་སོགས་མཚོ་སྔོན་ཞིང་ཆེན་ཡོངས་སུ་ཁྱབ་པའི་རྩི་ཤིང་སྣ་ཁ་6ཁྱབ་གདལ་གཏོང་བཞིན་ཡོད་ལ། མིག་སྔར་སྡོང་རྐང་ཁྲི་100ལྷག་ཙམ་རྒྱ་སྐྱེད་བཏང་ཡོད།
     ཟླ་ལྔ་པར་མེ་ཏོག་ཁྲ་ཆིལ་ལེར་བཞད་པ་ནི་རང་བྱུང་ཁམས་ཆེན་པོས་གནང་བའི་ལག་རྟགས་ཆེན་པོ་ཞིག་རེད་ལ། མི་རྣམས་ཀྱིས་སྔོ་ལྗང་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པའི་གྲུབ་འབྲས་ཤིག་ཀྱང་རེད། 2019ལོར་ཟི་ལིང་གྲོང་ཁྱེར་གྱིས“བདེ་སྐྱིད་ལྡན་པའི་ཟི་ལིང། སྤུས་ཚད་མཐོ་བའི་འཚོ་བ”འདུ་འགོད་ཆེན་པོ་བརྒྱད་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱེད་རྒྱུའི་སྐོར་བཏོན་ཡོད་ཅིང་། སྔོ་ལྗང་ཅན་གྱི་གྲོང་ཁྱེར་གྱི་སྤུས་ཚད་མཐོར་གཏོང་དང་བཀྲག་མདངས་ཆེར་གཏོང་གི་འདུ་འགོད་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད། འདུ་འགོད་དེར་སྐུལ་འདེད་བཏང་ཚུན། ཟི་ལིང་གྲོང་ཁྱེར་དུ་སྐྱེད་ཚལ་སྔོ་འགྱུར་ས་ཆ་རྒྱ་ཁྱོན་མུའུ་1246འཕར་ཏེ་ཁྲོམ་གཞུང་གི་སྔོ་འགྱུར་ས་ཆ་ཁག་18ལེགས་སྒྲུབ་ཟིན་པ་དང་། མེ་ཏོག་གི་ཁྲོམ་གཞུང་དང་། མེ་ཏོག་གི་ཟམ་པ། ཁོག་མའི་ནང་བཏབ་པའི་མེ་ཏོག་གི་མཛེས་ལྗོངས་ཁུལ་བཅས་90བཏོད་པ། མེ་ཏོག་སོས་པའི་ཁྲོམ་ཁུལ་13དང་མེ་ཏོག་གི་གྱང་དང་མཛེས་ལྗོངས་གྱང་11བཏོད་ཅིང་། རིམ་རྩིས་བྱས་ན་མེ་ཏོག་སྣ་ཚོགས་རྐང་ཁྲི་538.5བཏབ་ཡོད།