འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་17ཉིན།

༄༅༎མཚོ་སྔོན་དུ་ཉི་གློག་ལ་བརྟེན་ནས་འབབ་འཕར་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་16ཉིན། 08:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     རི་གྲོང་ཆུང་ཆུང་ཞིག་ཏུ་སྤྱི་ཕན་རང་བཞིན་གྱི་ལས་གནས་37ཡོད་པ་དང་། དུད་ཚང་དབུལ་པོ་བརྒྱ་ཆ་སུམ་ཅུ“གྲོང་ཚོའི་ནོར་སྲིད”ཀྱི་རྒྱབ་སྐྱོར་བྱེད་ཁོངས་སུ་བཅུག་ཡོད།
     གྲོང་ཚོ་དེ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཁུལ་གྱི་དབྱང་ཅ་རི་གྲོང་རེད། གྲོང་ཚོ་དེ་ནི་ལོ་ཁ་ཤས་ཀྱི་སྔོན་དུ་མཉམ་སྡེབ་དཔལ་འབྱོར་གང་ཡང་མེད་པའི་གྲོང་ཚོ་སྐྱོ་པོ་ཞིག་རེད། གྲོང་ཚོའི་ཧྲུའུ་ཅི་དང་པོ་ཞུས་ཅན་ཅེ་2015ལོའི་སྟོན་ཁར་གྲོང་ཚོར་བཅའ་སྡོད་བྱས། “ཁོང་གིས་དབྱང་དབྱིང་ཧོ་ཡི་ཁྱིམ་ཚང་ལ་བཅར་འདྲི་བྱེད་སྐབས། རྒན་རྒོན་གཉིས་ནི་དབང་པོ་སྐྱོན་ཅན་ཡིན་ལ་འཚོ་བ་སྐྱོ་བ་མ་ཟད། གྲང་ངར་ཆེ་བའི་དགུན་དུས་སུ་ཡང་མེ་གཏོང་ནུས་ཀྱི་མེད་པ་ཤེས”རོགས་པ་ཞིག་བྱེད་དགོས་བསམ་ཡང་། སྐབས་དེ་དུས་ཀྱི་གྲོང་ཚོའི་རྩིས་པ་དབྱང་ཕུའུ་ཀུའེ་ཡིས“རྩིས་ཁྲའི་ནང་སྒོར་300ལས་ལྷག་མི་འདུག”ཅེས་བཤད། མཐར་ལས་དོན་རུ་ཁག་གིས་དངུལ་བསྡུས་ནས་རྡོ་སོལ་ཏུན་2ཙམ་ཉོས་པ་རེད།
     དབྱང་ཅ་ཧྲན་གྲོང་ཚོ་ནི་རི་གྲོང་དུ་གནས་པ་དང་ས་རྒྱུ་ཞན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཁུལ་གྱི་གྲོང་ཚོ་དབུལ་པོ་141མང་ཆེ་བ་གནམ་ཆུ་ཁོ་ནར་བརྟེན་པ་ལས། ཐོན་ལས་གཞན་གང་ཡང་མེད།
     དུས་ཐུང་ལོ་ཤས་རིང“གྲོང་ཚོའི་ནོར་སྲིད་ཀྱི་མ་དངུལ་འབེལ་པོ་ཡོང་དོན་གང་ཡིན་ནམ”ཞེས་འདྲི་སྐབས་དེ་ནི་ས་མཐོའི་རང་བྱུང་ཐོན་ཁུངས་ཉི་འོད་ལས་བྱུང་བ་ཞིག་རེད་ཅེས་ཞུས་ཅན་ཅེས་རྒྱང་རིང་གི་རི་བོར་མཛུབ་མོ་བཙུགས་ནས་དེ་ལྟར་བཤད།
     རི་ལ་འཛེགས་ནས་ལྟ་སྐབས་མཛེས་ལྗོངས་མི་རྣམས་ཧང་སང་དགོས་པ་ཞིག་འདུག རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3100ཡོད་པའི་རི་ལྡེབས་སུ་འོད་ཤུགས་གློག་ལེབ་ཉ་ཁྲབ་བཞིན་ཁེངས་ནས་འདུག
     “འོད་ཤུགས་གློག་ལེབ་ཁྲི་10ལས་བརྒལ་བ་དང་ལོ་25སྤྱོད་ཐུབ། ན་ནིང་ཟླ་6པར་དྲ་སྦྲེལ་གློག་བཏང་བས། ལོ་མཇུག་ཏུ་ཁེ་བཟང་བགོ་འགྲེམས་ཐེངས་གཅིག་བྱས་ཡོད”ཅེས་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་ཧུང་ཁྲེང་གིས་བཤད།
     རྒྱ་ཁྱོན་ལ་མུའུ་སྟོང་ལྷག་ཙམ་ཡོད་པའི་འོད་ཤུགས་གློག་ཁང་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཚོ་རིམ་པའི་འོད་ཤུགས་དབུལ་སྐྱོར་གློག་ཁང་31ཁྲོད་ནས་གཅིག་རེད།
     འོད་ཤུགས་དབུལ་སྐྱོར་དེ་ནི་ས་མཐོའི་འཕེལ་རྒྱས་ལ་ལེགས་ཆ་ལྡན་པ་དང་མཚོ་སྔོན་འཛུགས་སྐྲུན་ཐད་ལ་ཁྱད་ཆོས་ལྡན་པ་ཞིག་རེད།
     མཚོ་སྔོན་དུ་ས་རྒྱ་ཆེ་ལ་མི་འབོར་ཉུང་བར་བརྟེན་སྲིད་གཞུང་གིས་མ་དངུལ་གཏོང་བ་དང་། རྫོང་ཁོངས་ཀྱིས་མཉམ་སྐྲུན་བྱེད་པ། དབང་ཆ་གྲོང་ཚོར་སྤྲོད་པ་བཅས་ཀྱི་ཐབས་ལམ་སྤྱད་དེ་ཁ་འཐོར་ནས་གཅིག་སྡུད་དུ་གྱུར་ཡོད། གྲོ་ཚང་ཁུལ་དུ་གློག་ཁང་དེ་བསྐྲུན་ནས་གློག་རིན་གྱི་ཁེ་བཟང་ཚང་མ་གྲོང་ཚོ་དབུལ་པོ་141ཡོངས་ལ་བགོ་ཡི་ཡོད་ཅིང་། བཀོལ་སྤྱོད་ཉམས་གསོ་བྱེད་མཁན་10ལས་དགོས་ཀྱི་མེད། “ཞིང་ཆེན་ཡོངས་ཀྱི་གློག་ཁང་31གིས་གྲོང་ཚོ་དབུལ་པོ་1622ལ་གློག་གཏོང་བ་དང་གྲོང་ཚོ་རེ་རེ་བྱས་ནས་གློག་གཏོང་བ་དང་བསྡུར་ན། མི་ཤུགས་དང་གློག་སྐུད་སོགས་ཀྱི་མ་གནས་40%ཡན་གྲོན་ཆུང་ཐུབ་ཡོད”ཅེས་ལས་ཡུལ་དངོས་ཀྱི་འགན་འཁུར་བ་ཆི་ཞའོ་མིང་གིས་བཤད།
     མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། མིག་སྔར། མཚོ་སྔོན་དུ་བསྐྲུན་པའི་འོད་ཤུགས་དབུལ་སྐྱོར་རྣམ་གྲངས་ཀྱི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་73ཟིན་པ་དང་། ལོར་གློག་བཏང་བ་ལས་ཁེ་བཟང་སྒོར་དུང་ཕྱུར་5.7བྱུང་བ་དང་མང་ཚོགས་དབུལ་པོ་ཁྲི་28.3ལ་ཕན་པ་ཐོབ་པ་དེས་ཞིང་ཆེན་ཡོངས་ཀྱི་མི་འབོར་དབུལ་པོའི་52.5%བཟུང་ཡོད།
     “ཉི་གློག་གི་ཁེ་བཟང”ཇི་ལྟར་བྱས་ནས་བགོ་བཤའ་དང་བེད་སྤྱོད་ཇི་ལྟར་གཏོང་དགོས་སམ།
     “གལ་ཏེ་མི་སྒེར་ལ་བགོས་ན་མི་རེར་ཆ་སྙོམས་སྒོར་ཉིས་སྟོང་ཡང་མེད། དངུལ་སིལ་ནས་སྤྲོད་མི་ཉན་ལ། ལས་ཀ་མི་སྒྱིད་པའི་སྒྱིད་ལུག་ཅན་དེ་བས་གསོ་མི་ཉན”ཞེས་ཀྲང་ཧུང་ཁྲེང་གིས་བཤད།
     མཚོ་སྔོན་གྱི་བླང་བྱ་ལྟར“ཉི་གློག་གི་ཁེ་བཟང”གྲོང་ཚོར་བགོས་པ་དང་། གྲོང་ཚོ་རེར་ལོ་ལྟར་ཁེ་བཟང་སྒོར་ཁྲི་30ཙམ་བྱུང་བའི་ནང་ནས་བརྒྱ་ཆ་དྲུག་ཅུ་མཉམ་སྡེབ་ལ་དབང་ནས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། སློབ་གསོ་གསོ་སྦྱོང་། གནས་སྐབས་རོགས་སྐྱོབ། རྨང་གཞིའི་སྒྲིག་བཀོད་ཉམས་བཟོ་སྲུང་སྐྱོང་སོགས་ལ་བཏང་ཡོད། ཞུས་ཅན་ཅེས“དེ་ལྟར་བྱས་ན་གྲོང་ཚོའི་དབུལ་ཞྭ་ཕུད་དེ་ཡུན་རིང་འཕེལ་རྒྱས་གཞི་ནས་འགན་ལེན་བྱེད་ཐུབ”ཅེས་བཤད།