འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་15ཉིན།

༄༅༎ཝེ་ཐེ་ནམ་གྱི་ཨར་སྐྲུན་ལས་ཡུལ་ཞིག་ཏུ་སྐྲུན་དངོས་རྡིབ་པའི་དོན་རྐྱེན་ཐོན་ནས་མི་10རྐྱེན་ལམ་དུ་ཤོར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་15ཉིན། 12:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཝེ་ཐེ་ནམ་གྱི་ཨར་སྐྲུན་ལས་ཡུལ་ཞིག་ཏུ་སྐྲུན་དངོས་རྡིབ་པའི་དོན་རྐྱེན་ཐོན་ནས་མི་10རྐྱེན་ལམ་དུ་ཤོར་བ།
     ཟླ་5ཚེས་14ཉིན་འཚོལ་སྐྱོབ་མི་སྣས་ཝེ་ཐེ་ནམ་ཐུང་ནའེ་ཞིང་ཆེན་གྱི་སྐྲུན་དངོས་རྡིབ་པའི་དོན་རྐྱེན་ཐོན་ཡུལ་དུ་ལས་ཀ་བྱེད་བཞིན་པ།
     མི་དམངས་དྲ་བའི་འཕྲིན། ཝེ་ཐེ་ནམ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་14ཉིན་གྱི་ཕྱི་དྲོ་ཝེ་ཐེ་ནམ་ལྷོ་རྒྱུད་ཐུང་ནའེ་ཞིང་ཆེན་གྱི་ཨར་སྐྲུན་ལས་ཡུལ་ཞིག་ཏུ་སྐྲུན་དངོས་རྡིབ་པའི་དོན་རྐྱེན་ཐོན་ནས་ཉུང་མཐར་ཡང་མི་10རྐྱེན་ལམ་དུ་ཤོར་བ་དང་མི་15ལ་རྨས་སྐྱོན་ཕོག་ཡོད་པ་རེད།
     དོན་རྐྱེན་དེ་ཐུང་ནའེ་ཞིང་ཆེན་ཀྲེང་ཕོང་རྫོང་གི་བཟོ་ལས་གླིང་ཞིག་ཏུ་ཐོན་པ་དང་། ཉིན་དེའི་ཆུ་ཚོད་15ཙམ་ལ། བཟོ་ལས་གླིང་ནང་གི་ཧན་གོའི་མ་འཇོག་ཁེ་ལས་ཤིག་གི་འཛུགས་སྐྲུན་ཨར་ལས་བྱ་ཡུལ་དུ་གློ་བུར་དུ་གྱང་དང་ལས་ཁྲི་བརྡིབས་ནས་བཟོ་པ་མང་པོ་ས་འོག་ཏུ་ཚུད་ཡོད། ཆུ་ཚོད་18དང་སྐར་མ་30ཡི་བར། འཚོལ་སྐྱོབ་མི་སྣས་ལས་འཛོལ་ཐོན་ཡུལ་ནས་རྐྱེན་ལམ་དུ་ཤོར་བའི་མི་8རྙེད་པ་དང་གཞན་ཡང་མི་2སྨན་ཁང་དུ་བསྐྱལ་རྗེས་རྐྱེན་ལམ་དུ་ཤོར་ཡོད་པ་དང་། ཉུང་མཐར་ཡང་རྨས་མ་15སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད།
     ཚེས་14ཉིན་ཧུའུ་ཀྲི་མིང་གྲོང་ཁྱེར་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཀྲུང་གོའི་སྤྱི་དམངས་དོན་རྐྱེན་འདིའི་ཁྲོད་ཤི་རྨས་བྱུང་མེད་པ་ར་སྤྲོད་བྱས་ཡོད།
     མིག་སྔར། འཚོལ་སྐྱོབ་དང་རྗེས་འཇུག་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད་པ་དང་དོན་རྐྱེན་གྱི་རྒྱུ་རྐྱེན་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།