འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་15ཉིན།

༄༅༎མངགས་ཐོ་འགན་ལེན་དང་། ཕྱིར་གཏོང་ལ་རོགས་རམ། ཕྱི་ཕྱོགས་ཚོང་དོན་བརྟན་པོ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་15ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎མངགས་ཐོ་འགན་ལེན་དང་། ཕྱིར་གཏོང་ལ་རོགས་རམ། ཕྱི་ཕྱོགས་ཚོང་དོན་བརྟན་པོ།
     རྒྱལ་ཡོངས་ཀྱི་འཕྲུལ་ཆས་དང་རླངས་འཁོར་ཕྱིར་གཏོང་གི་གྲུ་ཁ་ཆེ་གྲས་ལྔའི་གྲས་ཤིག་ཡིན་པའི་ཅང་སུའུ་ལེན་ཡུན་སྒང་གྲུ་ཁས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གཉིས་ཀར་དམ་འཛིན་དང་གཉིས་ཀར་དམ་འཛིན་ཏན་ཏིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་ཐོག་ཏུ་དྲ་ཐོག་ནས་མངའ་ཁོངས་ཕྱིའི་གྲུ་གཟིངས་གྲུ་ཁ་ནས་ཕར་འགྲོ་ཚུར་འོང་བྱེད་པར་ཉེན་བརྡའི་མ་ལག་སྤྱད་དེ་གྲུ་ཁ་ནས་ཕར་འགྲོ་ཚུར་འོང་བྱེད་པའི་གྲུ་གཟིངས་དང་། རླངས་འཁོར། མི་སྣ་བཅས་ཀྱི་ཆ་འཕྲིན་དོ་དམ་ཚོད་འཛིན་ཕྱོགས་ཡོངས་ནས་ཡག་པོ་བྱས་ཏེ་འཕྲུལ་ཆས་དང་རླངས་འཁོར་ཕྱིར་གཏོང་གི་ལྗང་མདོག་བགྲོད་ལམ་ཟམ་མི་ཆད་པར་ལེགས་སུ་བཏང་བ་དང་འཕྲུལ་ཆས་དང་རླངས་འཁོར་ཁེ་ལས་ཀྱི་མངགས་ཐོའི་ཐོན་རྫས་དུས་ཐོག་ཏུ་གྲུ་ཁ་བརྒྱུད་ཕྱི་རྒྱལ་ལ་དབོར་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས་ཕྱི་ཕྱོགས་ཚོང་དོན་གྱི་ཟོག་འགྲེམས་འཁོར་སྦྲེལ་བརྟན་པོ་ཡོང་བ་བྱས་ཡོད། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་ལེན་ཡུན་སྒང་གྲུ་ཁས་ཕྱིར་གཏོང་བྱས་པའི་འཕྲུལ་ཆས་དང་རླངས་འཁོར་ཁྲི་3ལས་བརྒལ་ཏེ་དུས་མཚུངས་ལས་101.14%འཕར་ཡོད་ཅིང་། འདི་ནི་2020ལོའི་ཟླ་5ཚེས་13ཉིན་ལེན་ཡུན་སྒང་གྲུ་ཁར་རྒྱལ་ནང་ནས་ཐོན་སྐྱེད་བྱས་པའི་ལས་གྲྭའི་འཕྲུལ་ཆས་ཁག་གཅིག་གྲུ་གཟིངས་ནང་བླུགས་ནས་ཕྱི་རྒྱལ་དུ་དབོར་རྩིས་ཡོད་པ།