འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་15ཉིན།

༄༅༎རྒྱལ་ཡོངས་སུ་སློབ་མ་དུང་ཕྱུར་1ལྷག་ཙམ་སློབ་འགོ་བསྐྱར་དུ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་15ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་12ཉིན་སློབ་གསོ་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཟླ་5ཚེས་11ཉིན་བར་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་སློབ་འགོ་བསྐྱར་དུ་འཛུགས་པའི་ལས་དོན་སྤེལ་བར་སློབ་མ་ཁྲི་10779.2ཟིན་པ་དང་སློབ་འགོ་བསྐྱར་འཛུགས་ཀྱི་བསྡུར་ཚད་39%ཟིན་པ་ངོ་སྤྲོད་བྱས་པ་རེད།
     སློབ་གསོ་པུས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ལུས་རྩལ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོ་སིའི་སི་ཀྲང་ཝང་ཏེང་ཧྥུང་གིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་མིག་སྔར་སློབ་ཚན་སླར་གསོ་བྱས་པའི་ཁྲོད་སློབ་འབྲིང་སློབ་མ་ཁྲི་5636.1དང་། སློབ་ཆུང་སློབ་མ་ཁྲི་4384.4 བུ་བཅོལ་ཁང་གི་སློབ་མ་ཁྲི་468 མཐོ་རིམ་སློབ་གྲྭའི་སློབ་མ་ཁྲི་290.7བཅས་ཟིན་ཡོད།
     སློབ་གསོ་པུས་སྔོན་དཔག་བྱས་པ་ལྟར་ན། ཟླ་ལྔ་པའི་ཟླ་མཇུག་ཏུ་རྒྱལ་ཡོངས་སུ་སློབ་གྲྭར་ལོག་མཁན་སློབ་མ་དུང་ཕྱུར་1.5ནས་དུང་ཕྱུར་2བར་ཟིན་རྒྱུ་ཡིན་པ་རེད།